ཏའེ་ཡུང་ཆིང་ནི་1966ལོར་ཆུ་ཆེན་རྫོང་དུ་སྐྱེས། ཁོང་ནི་ཀྲུང་གོའི་པར་ལེན་གསར་རྩོམ་ཁེ་དབང་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་སྒྱུ་རྩལ་པར་ལེན་མཐུན་ཚོགས་ཀྱི་ཁོངས་མི། སི་ཁྲོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱི་ཁོངས་མི། སི་ཁྲོན་ཞིང་ཆེན་མི་རིགས་རིག་གནས་གཟུགས་བརྙན་སྒྱུ་རྩལ་མཐུན་ཚོགས་བོད་ཆའང་དབྱིས་གསུམ་གྱི་བར་ཁྱམས་ཨུ་ལྷན་གྱི་ཆེད་མཁས་ཨུ་ཡོན། རྔ་བ་ཁུལ་པར་ལེན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་ལས་འཛིན་པ། ཆུ་ཆེན་རྫོང་པར་ལེན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་ཞིང་། སྔ་གཞུག་ཏུ་《ཀྲུང་གོ་རྒྱལ་ཁབ་ས་ཁམས།》དང་《མི་རིགས་རི་མོ།》 《ཀྲུང་གོའི་གློག་བརྙན་ཁྲོམ་ར།》 《ཀྲུང་གོའི་འགྲིམ་འགྲུལ་ཚགས་པར།》 《ཀྲུང་གོའི་རྒྱལ་ཁོངས་ཐོན་ཁུངས་ཚགས་པར།》 《སི་ཁྲོན་ཉིན་རེའི་ཚགས་པར།》 《སི་ཁྲོན་རི་མོའི་ཚགས་པར།》 《མི་རིགས།》 《འཛམ་གླིང་ཡུལ་སྐོར།》 《སི་ཁྲོན་ཁྲིམས་ལུགས་ཚགས་པར།》 《ཀྲུང་གོའི་ཁྲོམ་རའི་དཔལ་འབྱོར་ཚགས་པར།》 《ཧྭ་ཞི་གྲོང་ཁྱེར་ཚགས་པར།》 《སི་ཁྲོན་སྲིད་གྲོས་ཚགས་པར།》 《སི་ཁྲོན་དཔལ་འབྱོར་ཉིན་རེའི་ཚགས་པར།》 《སི་ཁྲོན་མེ་ཟོན་ཚགས་པར།》 《རྒྱལ་སྲུང་སྐབས་དོན་ཚགས་པར།》 《རྔ་བ་ཉིན་རེའི་ཚགས་པར།》 《སི་ཁྲོན་གསར་འགྱུར་དྲ་བ།》སོགས་དུས་དེབ་དང་ཚགས་པར་དུ་མའི་ཐོག་བརྩམས་ཆོས་800ལྷག་བཀོད་ཡོད། ལྷག་པར་དུ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་རིམ་པའི་བྱ་དགའ་གང་མང་བླངས་བ་དང་། 《ཡིད་དབང་འཕྲོག་པའི་ཆུ་ཆེན།》དང་། 《མཛེས་སྡུག་ལྡན་པའི་ཆུ་ཆེན།》 《རྫོགས་ལྡན་དུས་བཞིའི་ཆུ་ཆེན།》སོགས་ཀྱི་བརྙན་དེབ་རྩོམ་སྒྲིག་བྱེད་པར་ཞུགས་མྱོང་། ད་ལྟར་ཁོང་ཉིད་ཀྱིས་ཆུ་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་སུ་ཕྱག་ལས་གནང་བཞིན་ཡོད།
秋韵སྟོན་ཉམས།
ཨ་ཕ་ལགས།
嘉绒老阿爸
བོད་གྲོང་།
扎根藏寨
གླུ་གར་གྱི་མཆོད་པ།
千年回望
མེ་ཏོག་གི་མཚོ་མོ།
云顶花海