འདི་ནི་རྒྱལ་ལམ318འགྲམ་གྱི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི་ཟུར་ཞིག་རེད།
ས་མཐོའི་སྟོན་མཇུག་གི་སེར་མདོག་ཅན་གྱི་ས་གཞི་དང་། གངས་རིས་བསྐོར་བའི་མཐའ་བཞི། སྔོ་ཞིང་དྭངས་བའི་གཙང་ཆུ་བཅས་ཀྱི་རྣམ་པ་ལས་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་སྣང་བ་ཞིག་སྟེར་གྱི་ཡོད། ཁྲོན་བོད་གཞུང་ལམ་རིམ་གྱིས་ལེགས་སུ་ཕྱིན་ནས་མཐའ་འཁོར་མི་སེར་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
འདི་ནི་རྒྱལ་ལམ318འགྲམ་གྱི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་དུ་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་དུ་ཡོང་བའི་ཚུལ་རེད །
བཀྲ་ཤིས་སྒང་གྲོང་ཚོར་བསྡོམས་པས་དུད་ཚང66དང་མི་གྲངས327ཡོད་ཅིང་། ཉེ་བའི་ལོ་ཤས་རིང“ཀྲི་པུའུ+མཉམ་ལས་ཁང+ཞིང་དུད”ཀྱི་རྣམ་པ་བརྒྱུད་ཅུང་འཐུས་ཚང་གི་གྲོང་གསེབ་ཡུལ་སྐོར་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད། “གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་གི་ལས་གཉེར་བ180ཟིན་པ་དེས་གྲོང་ཚོ་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི55%བཟུང་ཡོད། ད་དུང་མདའ་འཕེན་པ་དང་། རྟ་བཞོན་པ། ས་གནས་ཁྱད་ལྡན་ཐོན་རྫས་འཚོང་བ་སོགས་དམངས་སྲོལ་ཡུལ་སྐོར་གཉེར་སྐྱོང་རྣམ་གྲངས་མང་པོ་ཡོད” ཅེས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་བཤད། 2018ལོར་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི1161ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.7ཟིན་ཡོད།
འདི་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་འཁྱགས་རོམ་རེད།
ཀླུ་ནང་གྲོང་རྡལ་གྱི་སྐད་གྲགས་ཆོད་ནས་ཡུལ་སྐོར་བས་དགའ་པོ་བྱེད་པ་མ་ཟད། ལས་རིགས་ཁྱབ་ཁོངས་ཀྱི་དོ་ཁུར་བྱ་ཡུལ་གཙོ་བོར་ཡང་གྱུར་ཡོད། ད་ལོའི་ཟླ9པར་ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་དེ་སྐོར་དང་པོའི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ71གི་གྲས་སུ་གྱུར་པ་དང་། 2018ལོར“རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ”གྱི་སྤུས་རྟགས་བྱ་དགའ་ཐོབ་པ་རེད། མིག་སྔར་གྲོང་རྡལ་ཡོངས་སུ་བསྡོམས་པས་མགྲོན་ཁང7དང་ཁང་བ525ཡོད་པ་དང་། ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང116ཟིན་པ་དང་ཉལ་ཁྲི2287ཟིན་པ། གཞན་ཡང་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས580ལྷག་ཙམ་ཡོད་པ་རེད།
འདི་ནི་རྒྱལ་ལམ318འགྲམ་གྱི་ཉིང་ཁྲི་ཀླུ་ནང་གྲོང་རྡལ་གྲོང་སྨད་གྲོང་ཚོ་རེད།
ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་བསྟན་འཛིན་ལྷ་མོས་ཀླུ་ནང་གྲོང་རྡལ་ནི་ཀོང་ཏུང་གི་བོད་སྐྱོར་ནོར་ཤུགས་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་ལས་བྱུང་བ་ཞིག་ཡིན་པ་དང་དུས་ཡུན་ལོ6རིང་སྤྲོ་གསེང་དང་། སྐྱེ་ཁམས་ཡུལ་སྐོར། སྤྲོ་གསེང་རོལ་རྩེད། གྲོང་གསེབ་ཡུལ་སྐོར། པར་ལེན་ཡུལ་སྐོར་བཅས་བརྗོད་གཞི་གཅིག་དྲིལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་ཁུལ་ཆེ་གྲས་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་ཐོན་ལས་ཅན་གྱི་གནད་སྨིན་དབུལ་སྐྱོར་དེ་ཀླུ་ནང་ཡུག་ཁུལ་ཧྲིལ་པོའི་དུད་ཚང་དབུལ་པོ100%དང་། ཡོང་འབབ་དམའ་བའི་དུད་ཚང་། དེ་ཡན85%ཡན་གྱི་ཞིང་དུད་བཅས་སུ་ཁྱབ་ཡོད་པ་རེད། 2018ལོར་ཡུལ་སྐོར་བའི་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི111.5ཟིན་པ་དེ་དུས་མཚུངས་ལས2.3%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི6936.8ཟིན་པ་དེ་དུས་མཚུངས་ལས31%འཕར་ཡོད།
འདི་ནི་ཡུལ་སྐོར་བས་དར་མདོ་གྲོང་ཁྱེར་དུ་སྟོན་ཁའི་མཛེས་པར་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།
ཐོན་ཁུངས་དང་འགྲིམ་འགྲུལ་གྱི་ལེགས་ཆར་བརྟེན་ནས་དཔའ་ཤོད་རྫོང་གིས་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་འཕེལ་རྒྱས་བཏང་བ་དང2018ལོའི་ཟླ3པར་ར་འོག་རྒྱལ་སྤྱིའི་སྒེར་འཁོར་སྒར་ས་ཕྱོགས་ཡོངས་ནས་ལས་གཉེར་བྱས་ཤིང་མིག་སྔར་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི8560བཏང་བ་དང་ས་ཆ་མུའུ200ཙམ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ5000ཙམ་ཟིན་ཡོད། དེའི་ནང་དུ་ཟ་ཁང་དང་སྤྲོ་གསེང་ཁང་། ལྗོངས་གཟིགས་ཁང་པ། སྦྲ་གུར་སྒར་ས། རླངས་འཁོར་འཇོག་ས200། ལྗོངས་གཟིགས་སྟེགས་བུ་སོགས་ཡོད་པ་རེད།
འདི་ནི་རྒྱལ་ལམ318འགྲམ་གྱི་ར་ལྔ་ཁ་གྲོང་རྡལ་ལམ་རྒྱུད་ཀྱི་སྡོད་དམངས་དང་ཆུ་བོ་རེད།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་ནུབ་རྒྱུད་དུ་གནས་པའི་ར་ལྔ་ཁ་གྲོང་རྡལ་ནི་ཁྲོན་བོད་གཞུང་ལམ་ཐོག་གི་ལམ་སྒྲོལ་ས་ཚིགས་དཀྱུས་མ་ཞིག་ཡིན་པ་དང་། དེར་བོད་སྡེ་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཡོད་མོད། འོན་ཀྱང་དེ་སྔོན་མི་རྣམས་ཀྱིས་ཤེས་ཀྱིན་མེད། ཁྲོན་བོད་གཞུང་ལམ་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་བ་དང་ཆབས་ཅིག་ར་ལྔ་ཁ་གྲོང་རྡལ་གྱིས་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་དང་པར་རྒྱག་ལ་དགའ་པོ་བྱེད་མཁན་ཚོའི་ཡིད་དབང་བཀུག་ནས་ཁྲོན་བོད་གཞུང་ལམ་ཐོག་སྐད་གྲགས་ཆེ་ཤོས་ཀྱི་ས་རྟགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
འདི་ནི་རྒྱལ་ལམ318འགྲམ་གྱི་ར་ལྔ་ཁ་གྲོང་རྡལ་ལམ་རྒྱུད་ཀྱི་སྡོད་དམངས་དང་ཆུ་བོ་རེད།
ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་ས་གནས་དེ་གའི་གྲོང་མིར་ཕྱུག་འགྱུར་ལམ་བུ་བཏོད་ཅིང་། མིག་སྔར་ར་ལྔ་ཁ་གྲོང་རྡལ་དང་ཉེ་འགྲམ་གྱི་ཤང་གྲོང་དུ་གསོལ་མགྲོན་ཁང་དང་མགྲོན་ཁང200ལྷག་ཙམ་ཡོད་པ་དང་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་རོགས་རམ་བྱ་རྒྱུ་རེད།