ཁྱིམ་མིས་གཤགས་བཅོས་ཁང་དུ་འགྲོ་གྲབས་ཡོད་པའི་རང་གི་བྱིས་པར་སེམས་གསོ་བྱེད་བཞིན་པ།
དཀར་མཛེས་ཁུལ་གསེར་རྟ་རྫོང་གི་དབང་བོ་སྐྱོན་ཅན་གྱི་བྱིས་པ་ཁྲེན་ཏུའུ་ནས་གཤགས་བཅོས་བྱས་རྗེས་ལུས་གསོ་བཞིན་པ།
སྤྱི་ཟླ་11པའི་ཚེས་1ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་ནས་ཡོང་བའི་སྐོར་དང་པོའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་30སི་ཁྲོན་བརྒྱད་གཅིག་ལུས་གསོ་ལྟེ་གནས་སུ་གཤགས་བཅོས་བྱས་རྗེས་ལུས་གསོ་བཞིན་ཡོད། རྗེས་མར་ཡང་ད་རུང་བྱིས་པ་བརྒྱ་ལྷག་སྐོར་ཁག་བགོས་ནས་ལུས་གསོ་ལྟེ་གནས་འདིར་ཡོང་རྩིས་ཡོད་འདུག
གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་གཤགས་བཅོས་ལུས་གསོ་བྱེད་ས་ནི་ཁྲེན་ཏུའུ་གྲོང་ཁྱེར་ཝུན་ཅང་ཁུལ་དང་། དཀར་མཛེས་ཁུལ་གསེར་རྟ་རྫོང་། སི་ཁྲོན་ཞིང་ཆེན་བརྒྱད་གཅིག་ལུས་གསོ་ལྟེ་གནསབཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པ་ཞིག་ཡིན་ལ། དམིགས་ཡུལ་ནི་དཀར་མཛེས་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ་དེ་བས་མང་པོ་ཞིག་ལ་དུས་ཐོག་ཏུ་སྨན་བཅོས་རོགས་སྐྱོར་བྱས་ཏེ། འཚོ་བའི་ཐད་དུ་ཡིད་ཆེས་དང་སྤོབས་པ་བསྩོལ་བ། དེ་མིན་ཕ་ཡུལ་དུ་ལོག་ནས་སྤྱི་ཚོགས་ནང་ཞུགས་ཐུབ་པ་བྱ་རྒྱུ་བཅས་རེད། །