༄༅།། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཕྱོགས་བཅའ་ཁྲིམས་ཀྱི་ནང་དོན་ཁ་ཤས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-14





《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཕྱོགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བ། 
        འཛད་སྤྱོད་པར་ཚོང་ཟོག་གམ་ཞབས་ཞུ་སོགས་རང་ཐག་རང་གཅོད་ཀྱི་གདམ་ག་རྒྱག་པའི་ཁེ་དབང་ཡོད། འཛད་སྤྱོད་པར་ཚོང་ཟོག་དང་ཞབས་ཞུ་འདོན་སྤྲོད་བྱེད་མཁན་དང་། ཚོང་ཟོག་གི་སྣ་ཁ་དང་ཞབས་ཞུ་བྱེད་སྟངས་བཅས་རང་ཐག་རང་གཅོད་ཀྱིས་འདེམས་པ་དང་། ཚོང་ཟོག་གང་དང་གང་ཞིག་ཉོ་བའམ་མི་ཉོ་བ་དང་། ཞབས་ཞུ་གང་དང་གང་ཞིག་དང་ལེན་བྱེད་པའམ་མི་བྱེད་པ་བཅས་རང་ཐག་རང་གཅོད་བྱེད་པའི་ཁེ་དབང་ཡོད།
         འཛད་སྤྱོད་པར་ཚོང་ཟོག་དང་ཞབས་ཞུ་རང་ཐག་རང་གཅོད་ཀྱིས་གདམ་གསེས་བྱེད་སྐབས། ཞིབ་བསྡུར་བྱེད་པ་དང་། ལེགས་ཉེས་འབྱེད་པ། གདམ་ག་རྒྱག་པ་བཅས་ཀྱི་ཁེ་དབང་ཡོད། 
དོན་ཚན་བཅུ་བ། 
འཛད་སྤྱོད་པར་ཉོ་ཚོང་དྲང་བཞག་བྱེད་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད། འཛད་སྤྱོད་པས་ཚོང་ཟོག་ཉོ་བ་དང་ཞབས་ཞུ་དང་ལེན་བྱེད་སྐབས་སྤུས་ཀ་དག་པར་ཁག་ཐེག་བྱེད་པ་དང་། རིན་གོང་ལུགས་དང་མཐུན་པ། རྒྱ་ཁ་ལོངས་པ་སོགས་ཀྱི་ཉོ་ཚོང་དྲང་བཞག་བྱ་རྒྱུའི་ཆ་རྐྱེན་འཐོབ་པའི་ཁེ་དབང་ཡོད་པ་དང་། ཚོང་གཉེར་བྱེད་མཁན་གྱིས་བཙན་ཤེད་ཀྱིས་ཉོ་ཚོང་བྱེད་པའི་བསམ་སྦྱོར་དང་ལེན་མི་བྱེད་པའི་དབང་ཆའང་ཡོད།
དོན་ཚན་ཉེར་དྲུག་པ།
        ཚོང་གཉེར་བྱེད་མཁན་གྱིས་རྣམ་གཞག་དོན་ཚན་དང་། བརྡ་ཐོ། གསལ་བསྒྲགས། ཚོང་ཁང་གི་རྩ་ཚིག་ལ་སོགས་པའི་ཐབས་ལམ་སྤྱད་དེ་འཛད་སྤྱོད་པའི་ཁེ་དབང་གཙང་སེལ་ལམ་ཚོད་འཛིན་བྱེད་པ་དང་། ཚོང་གཉེར་བྱེད་མཁན་གྱི་འགན་འཁྲི་ཆག་ཡང་ངམ་རྩ་ཆག་གཏོང་བ། འཛད་སྤྱོད་པའི་འགན་འཁྲི་ལྗི་རུ་གཏོང་བ་སོགས་འཛད་སྤྱོད་པར་འདྲ་མཉམ་དང་ལུགས་མཐུན་མིན་པའི་གཏན་འབེབས་བྱེད་མི་ཆོག རྣམ་གཞག་དོན་ཚན་སྤྱོད་པ་མ་ཟད་ལག་རྩལ་ལ་རྟེན་ནས་བཙན་ཉོ་བཙན་ཚོང་བྱེད་མི་ཆོག
རྣམ་གཞག་དོན་ཚན་དང་། བརྡ་ཐོ། གསལ་བསྒྲགས། ཚོང་ཁང་གི་རྩ་ཚིག་སོགས་ལ་ནང་གསེས་དོན་ཚན་སྔ་མའི་ནང་འཁོད་པའི་ནང་དོན་ཡོད་ཕྱིན་དེའི་ནང་དོན་གོ་མི་ཆོད་པར་བརྩི་རྒྱུ། 

“བཙན་ཤེད་དོན་ཚན་”དང་འཕྲ་ན་ཇི་ལྟར་བྱ་དགོས་སམ། 
《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཕྱོགས་བཅའ་ཁྲིམས་》ཀྱི་དོན་ཚན་སོ་དགུ་བ། 
འཛད་སྤྱོད་པ་དང་ཚོང་གཉེར་བྱེད་མཁན་བར་ལ་འཛད་སྤྱོད་པའི་ཁེ་དབང་ཐད་ཀྱི་རྩོད་གཞི་བྱུང་ན་གཤམ་གསལ་གྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་ཆོག་པ་སྟེ།
(གཅིག)ཚོང་གཉེར་བྱེད་མཁན་དང་གྲོས་མོལ་གྱིས་བར་འདུམ་བྱ་རྒྱུ་དང་། 
(གཉིས)འཛད་སྤྱོད་པའི་མཐུན་ཚོགས་སམ་ཁྲིམས་ལྟར་བཙུགས་པའི་བར་འདུམ་རྩ་འཛུགས་གཞན་དག་ལ་བར་འདུམ་བྱེད་རེ་ཞུ་རྒྱུ།
(གསུམ)འབྲེལ་ཡོད་སྲིད་འཛིན་སྡེ་ཁག་ལ་ཞུ་སྦྱོར་བྱ་རྒྱུ།
(བཞི)ཚོང་གཉེར་བྱེད་མཁན་དང་འདུམ་གཅོད་གྲོས་དོན་བཞག་པ་གཞིར་བཟུང་ནས་འདུམ་གཅོད་ལས་ཁུངས་ལ་འདུམ་གཅོད་བྱེད་རེ་ཞུ་རྒྱུ།
(ལྔ)མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱ་རྒྱུ་བཅས་ཡིན། 
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1