ཧུང་ཡོན་ཨ་མཆོག་གྲོང་རྡལ་གྱིས་གློག་རྡུལ་ཚོང་དོན་གསོ་སྦྱོང་སྤེལ།
རྩོམ་སྒྲིག་པ།ཡོང་ཁུངས།འོད་གསལ་མཚོ། སྤེལ་དུས། 11-18
ཉེ་ཆར། ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་གྱིས་ཧུར་ཐག་གིས་ཧུང་ཡོན་རྫོང་གློག་རྡུལ་ཚོང་དོན་ལྟེ་གནས་དང་མཐུན་སྦྱོར་བྱས་ནས། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་གཉེར་སྐྱོང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁས་པ་གདན་དྲངས་ཏེ་ཨ་མཆོག་གྲོང་རྡལ་གྱི་ཧུ་ར་མ་གྲོང་སྡེའི་འབྲོག་པ་མང་ཚོགས་ཀྱི་སྐུ་ཚབ་པ་དང་། ཨ་མཆོག་གྲོང་རྡལ་གྱི་ཏང་ཨུའི་འགོ་ཁྲིད་པ་གཙོ་བོ་10ལྷག་ལ་དྲ་ཐོག་ཚོང་དོན་ལས་སྒོའི་ཤེས་བྱ་གསོ་སྦྱོང་བྱས། ད་ཐེངས་ཀྱི་གསོ་སྦྱོང་དེ་ཧུང་ཡོན་རྫོང་གི་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས། གློག་རྡུལ་ཚོང་དོན་དང་དབུལ་སྐྱོར་གནད་འཁེལ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། དྲ་ཐོག་ཚོང་དོན་གྱི་ཤེས་བྱར་དམིགས་ནས་ཚོང་ཁང་གི་དངོས་སྦྱོང་དང་ཚོང་ཁང་གཉེར་སྐྱོང་ཐད་ཡུལ་དངོས་སུ་སློབ་ཁྲིད་བྱས་པ་མ་ཟད། ད་དུང་སློབ་མ་ཚོ་དང་བསམ་བློ་སྤེལ་རེས་བྱས།
གསོ་སྦྱོང་བྱས་པ་བརྒྱུད། འཕེལ་རྒྱས་ཀྱི་འདུ་ཤེས་ཆེ་བ་དང་ཕྱུག་འགྱུར་གྱི་རྩལ་ནུས་ལྡན་པ། སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་གློག་རྡུལ་ཚོང་དོན་རྐང་འཛིན་པ་ཁག་གཅིག་སྐྱེད་སྲིང་བྱ་རྒྱུར་ནུས་པ་ཐོན་པ་དང་། གོམ་གང་མདུན་སྤོས་སྒོས་རོང་འབྲོག་པ་མང་ཚོགས་ཀྱི་གློག་རྡུལ་ཚོང་དོན་གྱི་ངོས་འཛིན་དང་། བཀོལ་སྤྱོད། གཉེར་སྐྱོང་ནུས་པ་མཐོར་འདེགས་བཏང་བ་དང་། འབྲོག་པ་མང་ཚོགས་ཀྱིས་གློག་རྡུལ་ཚོང་དོན་ལས་གཏོད་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བར་སྒུལ་ཤུགས་གསར་བ་བསྣན་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ལས་ཧུང་ཡོན་རྫོང་གི་འབྲོག་ཁུལ་གྱི་ཐོན་ལས་རིགས་བསྒྱུར་རིམ་སྤོར་དང་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བའི་ཐབས་ལམ་རྒྱ་ཇེ་ཆེར་གཏོང་བར་སྐུལ་འདེད་གལ་ཆེན་བཏང་ངོ་།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1