སྤྱི་ཟླ་10པའི་ཚེས་25ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ས་གྲུ་བཞི་ཤང་ཁ་སྒང་གོང་མ་གྲོང་ཚོའི་གྲོང་མི་ཚོས་གླང་ཆེན་གྱི་ཐོད་པ་དང་བ་སོ། མིག་རུས་བཅས་མགོ་རུས་ཆ་ཚང་ཞིག་སྔོག་འདོན་བྱུང་བ་དང་། ཐོག་མའི་ཚད་ལེན་བྱས་པ་ལྟར་ན། གླང་ཆེན་དེའི་མགོ་རུས་ཀྱི་རིང་ཚད་ལ་ལི་སྨི་180དང་། ཐོད་པའི་ཞེང་ལ་ལི་སྨི་63ཡོད། ལྟག་རྒྱབ་ལ་ལི་སྨི་52དང་། འཐོར་བའི་བ་སོའི་རིང་ཚད་ལ་ལི་སྨི་19བཅས་ཡོད་ལ། མགོ་རུས་དང་མཉམ་དུ་རྩིབ་རུས་ཁ་ཤས་ཀྱང་རྙེད་ཡོད། །