དཀར་མཛེས་ཁུལ་དཔེ་མཛོད་ཁང་ཞིང་ཆེན་གྱི་དཔེ་རྙིང་སྲུང་སྐྱོང་ཚན་པར་བདམས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-25



    ཉེ་ཆར་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་གྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པ་དང་དཔེ་རྙིང་སྲུང་སྐྱོང་ཚན་པའི་འོས་སྦྱོར་མིང་ཐོ་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པ་དང་། དཀར་མཛེས་ཁུལ་དཔེ་མཛོད་ཁང་ཞིང་ཆེན་གྱི་དཔེ་རྙིང་སྲུང་སྐྱོང་ཚན་པར་བདམས་ཐོན་བྱུང་བས་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་གྱི་དཔེ་རྙིང་སྲུང་སྐྱོང་ཚན་པ་12ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།
    ད་ཐེངས་ཁུལ་དཔེ་མཛོད་ཁང་ཞིང་ཆེན་དཔེ་རྙིང་སྲུང་སྐྱོང་ཚན་པར་བདམས་པ་ནི་ཁུལ་ཡིག་ཚགས(ཁང)དང་སྡེ་དགེ་པར་ཁང་ཞིང་ཆེན་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པར་བདམས་རྗེས་རང་ཁུལ་གྱི་འབྲེལ་ཡོད་ཚན་པ་ཞིང་ཆེན་རིམ་པའི་གཙོ་གནད་ཚན་པ་སྲུང་སྐྱོང་ལས་གྲྭར་སླར་ཡང་བདམས་ཐོན་བྱུང་བ་ཞིག་རེད།
    ད་ལོའི་ཟླ་7ནས་10པའི་བར། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་གྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པ་དང་དཔེ་རྙིང་སྲུང་སྐྱོང་ཚན་པའི་རེ་ཞུ་ཞིབ་དཔྱད་ལས་དོན་ཁག་གཉིས་པ་སྤེལ་བ་རེད། གྲོང་ཁྱེར(ཁུལ)གྱིས་འོས་སྦྱོར་དང་། རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ། ས་གནས་ས་ཐོག་ཏུ་དཔྱད་བསྡུར། གཅིག་སྡུད་དཔྱད་མོལ་སོགས་ཀྱི་གོ་རིམ་བརྒྱུད་མཐར་ཞིང་ཆེན་གྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པ་དང་དཔེ་རྙིང་སྲུང་སྐྱོང་ཚན་པ་ཁག་གཉིས་པ་ཐོན་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱིས་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པ་དང་དཔེ་རྙིང་སྲུང་སྐྱོང་ཚན་པ་སྤེལ་བའི་དམིགས་ཡུལ་ནི་གོམ་གང་མདུན་སྤོས་ཀྱིས“སྲུང་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་བྱ་རྒྱུ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་འབྲེལ། ཚན་རིག་དང་མཐུན་པའི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་རྩ་ཆེའི་དཔེ་རྙིང་སྲུང་སྐྱོང་དང་། དོ་དམ། ལུགས་མཐུན་བེད་སྤྱོད་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་རྩ་ཆེའི་ཚད་ལྡན་ཡིག་ཆ་དང་དཔེ་རྙིང་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་བ། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། མི་རིགས་ཀྱི་རང་ཡིད་རང་ཆེས་ཀྱི་བསམ་པ་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བཅས་བྱས་ནས་རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1