ཞི་ཅིན་ཕིང་གིས་ཀྲུང་གོར་སྡོད་པའི་གསར་བསྐོས་གཞུང་ཚབ་ཆེན་མོ་བཅུ་དགུས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-26
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྡོད་པའི་གསར་བསྐོས་གཞུང་ཚབ་ཆེན་མོ་བཅུ་དགུས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས།
མི་དམངས་ཚོགས་ཁང་ཆེན་མོའི་ནང་ལ་ཐོ་ཝེ་ཡའི་གཞུང་ཚབ་ཆེན་མོ་མ་ཉི་ཁ་དང་འབར་མའི་གཞུང་ཚབ་ཆེན་མོ་མེའོ་ཏན་ཕེ། ཧི་ལན་གྱི་གཞུང་ཚབ་ཆེན་མོ་ཧི་ཝེ་མེན། ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་ཧིག་སེ་ཉི། སི་ལོ་ཝུན་ནེ་ཡའི་གཞུང་ཚབ་ཆེན་མོ་སུའུ་ལན། ཁ་ན་ཏའི་གཞུང་ཚབ་ཆེན་མོ་པའོ་ཏ་མེན། པུའུ་ཁི་ན་ཧྥ་སོའི་གཞུང་ཚབ་ཆེན་མོ་ ཁུན་པོ་ལོས། ལའོ་ཝའོ་ཡི་གཞུང་ཚབ་ཆེན་མོ་ཁན་པའོ། ཝན་ལེའི་གཞུང་ཚབ་ཆེན་མོ་ཧི་མ་ཉི། ཡོ་ནན་གྱི་གཞུང་ཚབ་ཆེན་མོ་ཧྥན་ཞིན་མེ། ཁོ་སི་ཐ་ལེ་ཁའི་གཞུང་ཚབ་ཆེན་མོ་ཏི་ཨར་ཅ་ཏོ། བྷང་ག་ལའི་གཞུང་ཚབ་ཆེན་མོ་ཀྲ་མན། རུ་ཝང་ཏའི་གཞུང་ཚབ་ཆེན་མོ་ཅི་མོ་ཉི་ཨོ། ཐེ་གོའི་གཞུང་ཚབ་ཆེན་མོ་ཨ་ཐ་ཡུས། ཨེ་ཅིབ་ཀྱི་གཞུང་ཚབ་ཆེན་མོ་པ་ཏི་ལིས། ཕ་ན་མའི་གཞུང་ཚབ་ཆེན་མོ་ཀན་ལིན། སིང་ག་ཕོར་གྱི་གཞུང་ཚབ་ཆེན་མོ་ལོས་ཏི་ཡའོ། ཧ་སག་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཁི་དབྱི་ཧྲི་པ་ཡེ་ཧྥུའུ། ཁུ་པའི་གཞུང་ཚབ་ཆེན་མོ་ཕེ་ལོས་ལ་བཅས་གསར་བསྐོས་གཞུང་ཚབ་ཆེན་མོ་བཅུ་དགུས་རིམ་པ་བཞིན་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྒྱལ་ཡིག་སྤྲད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོར་དགའ་བསུ་ཞུས་པར་མ་ཟད་ཁོ་ཚོ་བརྒྱུད་དེ་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དང་མི་དམངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོས་རྒྱལ་ཁབ་སོ་སོའི་མཛའ་མཐུན་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། རྒྱལ་ཁབ་སོ་སོ་དང་ལྷན་དུ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ཅིང་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ་རྒྱལ་ཁབ་སོ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།
གཞུང་ཚབ་ཆེན་མོ་རྣམས་ཀྱིས་རང་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས། ཁོ་ཚོས་བཤད་རྒྱུར། རྒྱལ་ཁབ་སོ་སོས་ཀྲུང་གོ་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་འདོད་ཡོད་ཟེར།