ཆུ་ཚན་ཐོན་ཁུངས་ཀྱིས་ཡོངས་སུ་ཕྱུག་པའི་བདེ་ཐང་དང་རྒན་གསོའི་གནས་མཆོག

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-02


ཆུ་ཚན་ཐོན་ཁུངས་ཀྱིས་ཡོངས་སུ་ཕྱུག་པའི་བདེ་ཐང་དང་རྒན་གསོའི་གནས་མཆོག

དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱི་ཆུ་ཚན་སྒར་ས་གཉིས་པ།

    ཀྲུང་གོའི་ཆུ་ཚན་རིག་གནས་ནི་གནའ་ནས་ད་བར་མི་ཐམས་ཅད་ཀྱི་དགའ་བསུ་ཐོབ་པ་ཡིན་ལ། རང་ཁུལ་ནི་སི་ཁྲོན་གྱི་ས་ཁུལ་དང་མཚོ་བོད་མཐོ་སྒང་གི་འབྲེལ་མཚམས་སུ་གནས་པས། ཐུན་མོང་མ་ཡིན་པའི་ས་གཤིས་ཁོར་ཡུག་གིས་ས་ཆ་དེར་སྤུས་ལེགས་ཀྱི་རང་བྱུང་ཆུ་ཚན་མང་པོ་ལྷན་སྐྱེས་སུ་གྲུབ་ཡོད། བསྡོམས་རྩིས་བྱས་ན་རང་ཁུལ་གྱི་མངའ་ཁོངས་སུ་རིགས་མི་འདྲ་བའི་ཆུ་ཚན249ཡོད་ཅིང་ཆུ་ཚན་ཐོན་ཚད་ཀྱི་བསྡོམས་འབོར་ནི་ཞིང་ཆེན་ཡོངས་ཀྱི་གསུམ་ཆ་གཉིས་ལ་ཟིན་པ་དང་། དྲོད་རླངས་གཏོང་ཚད་ཀྱི་སྤྱི་འབོར་ནི་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆ70ལ་ཟིན་པ་རེད། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་བསྟུན་ནས་དཀར་མཛེས་མཐོ་སྒང་གི་ཆུ་ཚན་ཐོན་ཁོངས་གསར་སྤེལ་བྱེད་ཚད་ཆེ་ཞིང་ཚད་ལྡན་དུ་གྱུར་དང་འགྱུར་བཞིན་ཡོད་ལ། བདེ་གསོ་རོལ་རྩེད་བྱེད་སྒོ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱང་འཕེལ་རྒྱས་ཆེན་པོར་ཕྱིན་ཡོད། ཆུ་ཚན་གྱིས་ཕྱུག་པའི་དཀར་མཛེས་ཁུལ་ནི་བདེ་གསོའི་གནས་མཆོག་ཏུ་འགྱུར་སྒང་ཡིན།

ཆུ་ཚན་ཐོན་ཁུངས་ཀྱིས་ཡོངས་སུ་ཕྱུག་པའི་བདེ་ཐང་དང་རྒན་གསོའི་གནས་མཆོག
དར་མདོ་གྲོང་ཁྱེར་གྲོང་འགོ་གྲོང་སྡེའི་ཆུ་ཚན་ཆུ་རྐྱལ་རྫིང་བུ།

ཆུ་ཚན་ཐོན་ཁུངས་ཀྱིས་ཡོངས་སུ་ཕྱུག་པའི་བདེ་ཐང་དང་རྒན་གསོའི་གནས་མཆོག

འབའ་ཐང་རྫོང་གི་ཆུ་ཚན་ནང་གྲོང་པས་སྒོ་ང་བཙོ་བཞིན་པ།



    གནས་མཆོག་དཀར་མཛེས་མཛེས་གཡང་ལྷུན་གྱིས་གྲུབ། དགུན་ཁར་དཀར་མཛེས་ཁུལ་དུ་འཆམ་ས་ཡོང་བ་ན་གང་ས་གང་དུ་གོང་བདེ་བའི་ཆུ་ཚན་ཁམས་གསོའི་ཞབས་ཞུ་ལ་མྱོང་ཆོག ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་རྣམ་པ་ཉི་འོད་དང་ཆུ་ཚན་གྱི་བདེ་གསོའི་སྤྲོ་གསེང་ཡུལ་སྐོར་ལ་ཕེབས་པར་དགའ་བསུ་ཞུ།

ཆུ་ཚན་ཐོན་ཁུངས་ཀྱིས་ཡོངས་སུ་ཕྱུག་པའི་བདེ་ཐང་དང་རྒན་གསོའི་གནས་མཆོག
མི་རྒོད་མཚོ་མཛེས་ལྗོངས་ཁུལ་གྱི་སྨན་ཚ་ནང་འགྲུལ་བ་ཚོས་རྐང་ལུམས་བྱེད་བཞིན་པ།
ཆུ་ཚན་ཐོན་ཁུངས་ཀྱིས་ཡོངས་སུ་ཕྱུག་པའི་བདེ་ཐང་དང་རྒན་གསོའི་གནས་མཆོག
ཕྱག་ཕྲེང་རྫོང་རག་ཝ་ཆུ་ཚན་ནང་གྲོང་པ་ཚོས་རྐང་ལུམས་བྱེད་བཞིན་པ།

ཆུ་ཚན་ཐོན་ཁུངས་ཀྱིས་ཡོངས་སུ་ཕྱུག་པའི་བདེ་ཐང་དང་རྒན་གསོའི་གནས་མཆོག
དུང་དཀར་ལུང་པའི་པན་མུའུ་རི་གྲོང་ཆུ་ཚན་མགྲོན་ཁང་།

ཆུ་ཚན་ཐོན་ཁུངས་ཀྱིས་ཡོངས་སུ་ཕྱུག་པའི་བདེ་ཐང་དང་རྒན་གསོའི་གནས་མཆོག

འགྲུལ་བས་དུང་དཀར་ལུང་པའི་ཆུ་ཚན་སྤྲོ་གསེང་གྲོང་སྡེར་པར་ལེན་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1