ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ལ་ཁྱོན་སློབ་མ་60ཡོད་ཅིང་། 2015ལོར་ཟབ་སྦྱོང་ལས་ཀ་བཙུགས་པ་ནས་བཟུང་ཟབ་སྦྱོང་ལ་ཞུགས་པའི་མི་གྲངས་ལས་ཆེས་མང་བའི་སྐབས་གཅིག་རེད། ཐེངས་འདིའི་ཟབ་སྦྱོང་ནི་སློབ་ཚན་བཀོད་སྒྲིག་དང་། སློབ་མ་བསྡུ་ཡུལ། དགེ་རྒན་དཔུང་ཚོགས་ཀྱི་གྲ་སྒྲིག སློབ་མ་དོ་དམ། ཟ་མ་དང་སྡོད་གནས་སོགས་ཕྱོགས་སོ་སོའི་ཐད་ནས་ཞིབ་ཚགས་ལྡན་པའི་འཆར་གཞི་བཟོས་ཤིང་རྩ་འཛུགས་ཚགས་དམ་པོ་བཟོས་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཐང་གའི་རྒྱུན་འཛིན་པའི་སློབ་སྦྱོང་ནུས་པ་དང་། རྒྱུན་འཛིན་ནུས་པ་ཇེ་མཐོར་བཏང་བ་ལ་བརྟེན་ནས། བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་གྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དང་། སྲོལ་རྒྱུན་བཟོ་རྩལ་སྔར་བས་རྒྱ་ཆེན་པོའི་ངང་དེང་རབས་ཀྱི་མང་ཚོགས་འཚོ་བའི་ནང་བསྐྱོད་པ་དང་། གཏིང་ཟབ་པའི་ངང་བོད་ལྗོངས་དཔལ་འབྱོར་འཕེལ་རྒྱས་དང་འདྲེས་པར་སྐུལ་འདེད་བཏང་སྟེ། མཐའ་མར་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་ཆུ་ཚད་ཐེམ་པ་གསར་པ་ཞིག་ལ་སྤོ་ཐུབ་པར་དམིགས་ཡོད།