མཛོད་དགེ་རྫོང་གི་རྨེ་ཆུ་ཡུལ་ཚོའི་ནོར་རྒྱལ་ཆུ་མགོར་ལོ་ཧྲིལ་བོར་དར་མི་ཆགས་པས། རྒྱལ་ཁབ་ཀྱི་རིམ་པ་གཉིས་པར་སྲུང་སྐྱོང་བྱེད་བཞིན་པའི་ངང་བ་དགུན་ཁའི་འཚོ་གནས་བྱེད་ས་ཡག་པོ་ཞིག་ཏུ་གྱུར་ཕྱིན། ལོ་རེའི་ཟླ་11པ་ནས་ཕྱི་ལོའི་ཟླ་3པའི་བར་དུ་ངང་བ་100ལྷག་ཞི་པོ་ལི་ཡ་དང་རང་རྒྱལ་གྱི་བྱང་ཤར་ས་ཁུལ་ནས་མཛོད་དགེ་རྫོང་དུ་འོངས་ནས་དགུན་བརྒལ་བྱེད་མུར་ཡོད།