ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་འཚོགས།
རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-10
ཟླ་12པའི་ཚེས་9ཉིན། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་ཐེངས་44པ་བསྡུ་འཚོགས་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བསམ་འཆར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་ཕེང་ཆིང་ཧྭ་ཡིས་མངགས་བཅོལ་ལྟར།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཧོང་ཤིན་ཁྲུའུ་ཡིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།
ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་རྒྱུའི་ཐད་གཏན་འབེབས་བྱས། དེ་ལས་ཞིང་ཆེན་ཏང་ཨུའི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་གང་ལེགས་གིས་མངོན་པ་དང་། དུས་རབས་གསར་པའི་སི་ཁྲོན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་རྒྱུ། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་ཡང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་རེད། ཞིང་ཆེན་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་མིག་སྔའི་གནས་བབ་དང་ལས་འགན་ཁོང་དུ་ཡང་དག་པར་ཆུད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་ཁོང་དུ་ཡང་དག་པར་ཆུད་པ། བསམ་བློའི་ངོས་འཛིན་དེ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་མགྱོགས་མྱུར་དུ་གཅིག་གྱུར་ཡོང་བ་བྱེད་པ་དང་། དོན་དངོས་ཐོག་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་བཏང་ཐོག ཞིང་ཆེན་ཏང་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཡིད་ཆེས་དང་སྙིང་སྟོབས་སྔར་ལས་ཇེ་བརྟན་དུ་གཏོང་བ། ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་ཧུར་ཐག་གིས་སྤེལ་བ། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་འདོན་སྤེལ་ཡག་པོ་བཅས་བྱས་ནས། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་སུ་གཏོང་རྒྱུ་དེ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏང་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་དང་བྱས་རྗེས་གང་ལེགས་འཇོག་པར་ཧུར་ཐག་བྱ་དགོས་པ་བཅས་བསྟན་པ་རེད།
ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་ལིའུ་ཅེ་དང་། ཡེ་ཀྲོང་། ལིའུ་ཙུའོ་མིང་། དྲུང་ཡིག་ཆེན་མོ་བ། ཏང་ཙུའུ་ཁོངས་མི་ཅའོ་ཝུའེ་ཞ་བཅས་ཚོགས་འདུའི་ཁྲོད་ཞུགས་པར་མ་ཟད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་སོ་སོའི་གསུང་བཤད་གནང་བ་རེད།
ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཝུན་ཧྭ་ཚོགས་འདུའི་ཁྲོད་དུ་ཟུར་ཞུགས་བྱས།