༄༅།། དགུན་དུས་སུ་ཀླད་སྙིང་ཁྲག་རྩ་འགག་པའི་ནད་ཐོན་མང་བ།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 12-11
རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར། དགུན་དུས་ནི་སྙིང་རྩ་འགག་པའི་ནད་ཐོན་མང་བའི་ནམ་དུས་ཡིན།
ནད་པར་སྙིང་རྩ་འགག་པའི་གནས་ཚུལ་ཐོན་སྐབས་བྲང་ཁོག་ན་བ་དང་། སྦུག་སུབ་ཐེབས་པ། རྒྱུ་སྟོད་ན་བ། དཔུང་པ་ན་བ། རྔུལ་ཆུ་མང་པོ་དོན་པ། སྐྱུག་མེར་ལངས་པ། དབུགས་ཧལ་བ། བརྒྱལ་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།
གློ་བུར་དུ་སྙིང་རྩ་འགག་པའི་གནས་ཚུལ་ཐོན་སྐབས་འཕྲལ་མར་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་དགོས།
རིགས་གཅིག་མཁས་ཅན་གྱི་གྲོས་འགོ ཀླད་སྙིང་ཁྲག་རྩ་འགག་པའི་ནད་པས་སྙིང་ནད་ཀྱིས་རྐྱེན་པས་གློ་བུར་དུ་ཤི་བའི་གནས་ཚུལ་སྔོན་འགོག་བྱེད་དགོས་པ་སྟེ།
གཅིག་ནས་དྲོད་སྲུང་ཡག་པོ་བྱས་ཏེ་གོ་རིམ་ལྡན་པའི་ངང་སྨན་གཏོང་བ་མ་ཟད། ཁྲག་མངར་ཚོད་འཛིན་བྱེད་པ་དང་ཞག་ཚི་མང་པོ་བཟའ་རྒྱུ་མེད།
གཉིས་ནས་ཁྲག་ཤེད་མཐོ་བ་དང་སྙིང་གཟེར་སོགས་ཀྱི་ནད་གཞི་ཡོད་པའི་མི་ཚོགས་ཀྱིས་སྨན་པའི་མངགས་བྱ་ལྟར་སྨན་གཏོང་དགོས། ཁྲག་ཤེད་མཐོ་བ་དང་། སྙིང་གཟེར་ནད། གཅིན་སྙི་ཟགས་ཁུ་བཅས་ཀྱི་ནད་ཕོག་ཉེན་ཆེ་བའི་མི་ཚོགས་ཀྱིས་སྙིང་སྨན་རྒྱུན་དུ་འཁྱེར་དགོས།
གསུམ་ནས་ཀླད་སྙིང་ཁྲག་རྩ་འགག་པའི་ནད་ཕོག་མཁན་ནད་པར་ནད་གཞི་ལངས་ཚེ་འཕྲལ་མར་སྨན་ཁང་དུ་སྐྱེལ་བ་མ་ཟད། གློ་སྙིང་སླར་གསོ་ཐུབ་པ་བྱས་ཏེ་ནད་པའི་འདར་སིག་འཇགས་ཐབས་ཀྱིས་གང་མགྱོགས་མྱུར་སྐྱོབ་ཐུབ་པ་བྱེད་དགོས།