སྤྱི་ཟླ་11པའི་ཚེས་10ཉིན། ཞོགས་པའི་དུས་ཚོད་9དང་སྐར་མ་15ཡི་ཐོག ཨ་རིའི་སྲིད་འཛིན་ཨོ་པཱ་མ་ཆེད་སྤྱོད་གནམ་གྲུར་བསྡད་དེ་ཏེ་པེ་ཅིང་དུ་འབྱོར་ཞིང་། ཀྲུང་གོ་ནས་ཉིན་གསུམ་རིང་ལ་ཕྱག་ལས་གནང་རྒྱུ་ཡིན། ཁོང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་སུ་ཕེབས་རྒྱུ་ཡིན་པ་མ་ཟད། རྒྱ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་རྒྱུ་རེད། །