༄༅བདེ་ཐང་ངང་ཕོ་བ་གསོ་བའི་ཟས་རིགས་འཛེམ་ཆ་བརྒྱད།
རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-18
1.ཆང་རག་འཐུང་དྲགས་པ།
ཆང་བཅུད་ཀྱིས་ཕོ་བའི་སྐྱི་ལྤགས་ལ་གནོད་འཚེ་ཆེན་པོ་ཡོད་པ་མ་ཟད། ཆང་བཅུད་ཀྱིས་མཆིན་པ་མཁྲེགས་འགྱུར་དང་གཤེར་མའི་གཉན་ཚད་སློང་བས་དེ་བས་ཕོ་བ་ལ་གནོད་སྐྱོན་ཐེབས་སྲིད།
2.ཐ་མག་འཐེན་དྲགས་པ།
ཐ་མག་གིས་ཕོ་བའི་སྐྱི་ལྤགས་ངོས་ཀྱི་ཁྲག་རྩ་འཁུམ་པར་བྱེད་པ་དང་། ཕོ་བའི་སྐྱི་ལྤགས་ཀྱི་མདུན་ཆགས་རྨེན་བུའི་འགྲུབ་ཆ་གྲུབ་རྒྱུ་ཉུང་དུ་གཏོང་སྲིད། དེ་ནི་སྐྱི་ལྤགས་ལ་སྲུང་སྐྱོབ་བྱེད་ཆེད་ཀྱི་གྲུབ་ཆ་ཞིག་ཡིན། ཐ་མག་འཐེན་ན་ཕོ་བའི་ཆུ་སྐྱུར་དང་སྤྲི་དཀར་མེ་རྫས་འཛག་ཐོན་ལ་ཤུགས་རྐྱེན་ཐེབས་པས་སྐྱི་ལྤགས་ལ་གནོད་སྐྱོན་ཤུགས་ཆེ་རུ་གཏོང་ཐུབ།
3.རྒྱག་ཕྱེད་ལྟོགས་ཕྱེད་བྱེད་པ།
གྲོད་པ་ལྟོགས་སྐབས། ཕོ་བའི་ནང་གི་ཆུ་སྐྱུར་དང་སྤྲི་དཀར་མེ་རྫས་ལ་ཟ་མས་སྙོམས་སྦྱོར་བྱེད་རྒྱུ་མེད་པས་དེའི་གར་ཚད་མཐོ་བས་ཕོ་བའི་སྐྱི་ལྤགས་རང་སོར་ཞུ་འགྲོ། ཟ་མ་ཟ་དྲགས་ན་ཕོ་བའི་རང་ཉིད་སྲུང་སྐྱོབས་ནུས་པར་གནོད་པ་ཐེབས་ཏེ། ཕོ་བ་རྒྱ་སྐྱེད་ནས་ཟས་ཕོ་བའི་ནང་སྡོད་ཡུན་རིང་དྲགས་པར་གྱུར།
4.ཟ་མ་མི་གཙང་བ།
ཕོ་གཞུག་ཞུ་ལོའོ་ཕྲ་འབུ་འགོད་པ་ནི་ཕོ་བ་དང་མཛུབ་རྒྱུ་བཅུ་གཉིས་རུལ་འགྱུར་གྱི་ནད་ཕོག་པའི་རྒྱུ་མཚན་གལ་ཆེན་ཞིག་ཡིན། རུལ་འགྱུར་ནད་པའི་ནང་ཕྲ་འབུ་འདི་དག་འགོད་ཚད་རྒྱ་ཆ་70-90བར་ཡིན། རུལ་འགྱུར་ནད་དྲག་སྐྱེད་བྱུང་རྗེས་འབུ་ཕྲ་དེ་ཡང་ཡལ་སྲིད། རུལ་འགྱུར་ནད་པས་ཟ་ཆས་དང་སོ་བཀྲུ་ཆས། ད་དུང་འོ་སྐྱེལ་བ་སོགས་ཐུག་རེག་བྱས་ན་འགོད་སྲིད་པ་མ་ཟད། ཟ་མ་གཙང་མ་མིན་པ་ཡང་ནད་འགོད་པའི་རྒྱུ་རྐྱེན་ཞིག་ཡིན།
5.དགོང་མོའི་ཟ་མ་རྒྱགས་དྲགས་པ།
མི་ཁ་ཤས་ཀྱིས་ཉིན་གཅིག་གི་ཟ་མའི་འཚོ་བཅུད་གཙོ་བོ་དགོང་ཟས་ལས་བསྡུ་ལེན་བྱེད་པ་དང་། མཚན་གུང་དང་ཉལ་ཁར་ཟ་མ་ཟ་རྒྱུར་དགའ། དེ་འདྲ་བྱས་ཚེ། གཉིད་ཡག་པོ་མི་ཁུག་པ་མ་ཟད། ཤ་ཇེ་རྒྱགས་སུ་འགྲོ་བ་དང་། ད་དུང་ཕོ་བའི་སྐྱི་ལྤགས་ལ་ཤུགས་རྐྱེན་ཐེབས་ཏེ་ཕོ་བའི་ནང་གི་ཆུ་སྐྱུར་འཛག་ཐོན་མང་དྲགས་ནས་ཕོ་བ་རུལ་འགྱུར་དུ་འགྲོ་སྲིད།
6.ཟ་མ་ཟ་རྒྱུ་མགྱོགས་དྲགས་པ།
ཟས་ཕོ་བའི་ནང་སླེབས་ཚེ། གསོག་འཇོག་དང་ཞིབ་བཟོ། འཇུ་བ་སོགས་བྱེད་སྐབས་ཟ་མ་ཞོ་གཟུགས་སུ་གྱུར་རྗེས་གཞི་ནས་རྒྱུ་མའི་ནང་དུ་འགྲོ། གལ་ཏེ་ཞིབ་ཏུ་མ་ལྡད་པ་དང་མིད་རྒྱུ་མགྱོགས་དྲགས་ན། ཟ་མ་རྩིང་དྲགས་ནས་ཕོ་བའི་གནོན་ཤུགས་ཇེ་ཆེར་སོང་སྟེ། སྡོད་ཡུན་རིང་དུ་སོང་ནས་ཕོ་བའི་སྐྱི་ལྤགས་ལ་གནོད་འཚེ་གཏོང་བ་རེད། གཞན་ཡང་ལྡད་ཞིབ་མོ་བརྒྱབ་ན་ཁ་ཆུ་འཛག་ཐོན་མང་དུ་གཏོང་བ་དང་ཕོ་བའི་ཆུ་སྐྱུར་དང་ཁྲིད་ཁུ་འཛག་ཐོན་ཉུང་དུ་བཏང་སྟེ་ཕོ་བར་སྲུང་སྐྱོབ་བྱེད་ཐུབ།
7.ཁོ་ཧྥེ་དང་ཇ་གར་པོ་འཐུང་བ།
ཁོ་ཧྥེ་དང་ཇ་གར་པོ་ནི་ལྟེ་བའི་ངར་སློང་རྫས་ཡིན་པས། དེ་གཉིས་ཀས་ལྡོག་འཕྲོ་བྱས་ཏེ་ཕོ་བའི་སྐྱི་ལྤགས་ལ་ཁྲག་མཁོ་འདོན་བྱེད་མི་ཐུབ་པར་དེ་ལ་གནོད་འཚེ་བཏང་སྟེ། ཕོ་བ་རུལ་འགྱུར་དུ་འགྲོ་སྲིད།
8.སྨན་འདྲ་མིན་ཟ་བ།
ཕོ་བའི་སྐྱི་ལྤགས་ལ་གནོད་འཚེ་གཏོང་སླ་བའི་སྨན་རྫས་རིགས་གཙོ་བོ་གསུམ་ཡོད་དེ། གཅིག་ནི་དབྱི་ཤན་ཧྲུའེ་དབྱང་སོན་ལྟ་བུ་སྐྱུར་རྫས་དང་ལྡན་པ། དཔེར་ན་ཨ་སི་ཕི་ལིན་སོགས། གཉིས་ནི་པའོ་ཐའེ་སུང་། གཉེན་ཁ་འཇོག་བྱེད། དཔེར་ན་པུའུ་ལོའོ་ཧྥན་ལྟ་བུ། གསུམ་ནི་པགས་རྫས་རིགས་སྲ་ཕྲུན་སོགས་སྐུལ་རྩིའི་རིགས་ཡིན་པས་སྨན་རྫས་དེ་དག་ཟ་བར་འགོག་ཅི་ཐུབ་བྱེད་དགོས། གལ་ཏེ་ངེས་པར་དུ་བེད་སྤྱོད་དགོས་ན། དེའི་སྤྱོད་ཚད་དང་སྤྱོད་རིམ་ལ་ཚོད་འཛིན་བྱེད་དགོས་ལ། ངེས་པར་དུ་ཟ་མ་ཟས་རྗེས་འཐུང་དགོས། །