སི་ཁྲོན་གྱི་ཤང་སྐྱོད་གཞུང་ལམ་མཐའ་མ་དེ་ཤར་གཏོང་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-24


    ཟླ་12ཚེས་19ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་མི་བཟང་ཤང་དུ་སྲ་འགྱུར་གཞུང་ལམ་བདེ་ལེགས་ངང་ཤར་གཏོང་ཐུབ་པ་དང་། སི་ཁྲོན་གྱིས་ཤང་དུ་བསྐྱོད་ཐུབ་པའི་གཞུང་ལམ་མཐའ་མ་དེ་ཤར་གཏོང་བྱས་ནས་ཤང་དང་གྲོང་རྡལ་100%ལ་ཁྱོན་ཡོངས་ནས་གཞུང་ལམ་ཡོད་པར་གྱུར་ཡོད།

    གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་གསལ། མི་བཟང་ཤང་ནི་དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་བྱང་ཤར་རྒྱུད་དུ་ཡོད་པ་དང་། སྤྱིའི་མི་འབོར་2026ཡོད་པ་དང་། ཤང་ལ་གྲོང་ཚོ་7ཡོད། མི་བཟང་ཤང་དུ་བསྐྱོད་ཐུབ་པའི་སྲ་འགྱུར་གཞུང་ལམ་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་31.84ཡོད་ལ། གཞུང་ལམ་རིམ་པ་བཞིའི་ཚད་གཞི་ལྟར་བསྐྲུན་ཡོད། བྱ་གཞག་འདི་ནི་2017ལོའི་ཟླ་7པར་དངོས་སུ་འགོ་བརྩམས་ཤིང་། སི་ཁྲོན་ཞིང་ཆེན་སི་ཁྲོན་ཁྲོན་ཅའོ་ལུའུ་ཆའོ་ཀུང་སིས་འགན་འཁུར་ནས་ལག་བསྟར་བྱས་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1