ཟླ12པའི་ཚེས24ཉིན་སེམས་ཀྱི་ཉི་ཟླ་དགའ་ལྡན་སྲོང་བཙན་གླིང་དགོན་དུ་ལོ་གཅིག་ཐེངས་གཅིག་གི་སྲོལ་རྒྱུན་དགུ་གཏོ་དུས་ཆེན་སྤེལ་ཞིང་། དགོན་པའི་འདུ་ཁང་མདུན་གྱི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ལ་དགའ་དགའ་སྐྱིད་སྐྱིད་ཀྱི་རྣམ་པ་མངོན་ཡོད།
རྒྱ་གླིང་དང་། རྔ་སྒྲ་སོགས་རོལ་ཆས་སྙན་མོ་དང་ཆབས་ཅིག་བཙུན་པ་ཚོས་གླིང་མགོ་དང་། ཁྭ་ཏ། ཤྭ་བ་རྟ་མཆོག་སོགས་ཀྱི་གདོང་འབག་གྱོན་ནས་འཆམ་འཁྲབ་ལ། ས་མཐོའི་ལོ་ལེགས་འབྱུང་བར་རྟེན་འབྲེལ་དང་། ལོ་རྗེས་མར་ཆར་ཆུ་འཛོམས་ཤིང་རྒྱལ་ཁམས་བདེ་ཞིང་དམངས་ལ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད།
དགུ་གཏོ་ནི་བོད་བརྒྱུད་ནང་བསྟན་དགོན་པས་ཆེད་དུ་རྐྱེན་ངན་བར་ཆེད་སེལ་ཕྱིར་འཆམ་འཁྲབ་ནས་གཏོ་རྒྱག་པའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ། དགའ་ལྡན་སྲོང་བཙན་གླིང་དགོན་གྱིས་ལོ་རེའི་དགུན་ཟླའི་ཚེས་ཉེར་དྲུག་ཉིན་སྔོན་ན་གྲ་སྒྲིག་གི་འཆམ་འཁྲབ་པ་དང་། ཚེས་ཉེར་བདུན་དང་ཉེར་བརྒྱད་ཉིན་ཆོས་བཏོན་ནས་སྨོན་ལམ་གསུངས་པ། ཚེས་ཉེར་དགུ་ཉིན་འཆམ་དངོས་སུ་འཁྲབ་པ་རེད།
གདོང་འབག་ལ་རྟ་དང་། ཤྭ་བ། སྤྲེའུ། གླིང་། ཁྱི། ཁྭ་ཏ། ཕག སྟག་བཅས་ཀྱི་རིགས་སྣ་ཚོགས་ཡོད།