ཨ་རིའི་ཏེ་ཁེ་ས་སི་མངའ་སྡེའི་ཆོས་ཁང་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་2རྐྱེན་ལམ་དུ་ཤོར་བ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-31
ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་29ཉིན་གྱི་སྔ་དྲོ་ཨ་རིའི་ཏེ་ཁེ་ས་སི་མངའ་སྡེའི་བྱང་རྒྱུད་ཀྱི་ཆོས་ཁང་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་2རྐྱེན་ལམ་དུ་ཤོར་བ་དང་མི་1ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་ཝོ་སི་པའོ་གྲོང་ཁྱེར་གྱི་ནུབ་འདབས་སུ་གནས་པའི་ཧོའེ་ཐེ་སའེ་ཐེ་མོན་གྲོང་གི་ཆོས་ཁང་ཞིག་ཏུ་ཐོན་པ་དང་། གནས་ཚུལ་སྤེལ་བའི་ནང་ས་གནས་དེ་གའི་སྨན་བཅོས་སྒྲིག་གཞིའི་སྐད་ཆ་དྲངས་ནས། མི་གསུམ་ལ་རྨས་སྐྱོན་ཕོག་པའི་དབང་གིས་སྨན་ཁང་དུ་བསྐྱལ་བས་དེའི་ནང་གི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གཞན་དེའི་རྨས་སྐྱོན་ཚབས་ཆེ་བས་སྨན་བཅོས་དང་ལེན་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།
མིག་སྔར་ཧོའེ་ཐེ་སའེ་ཐེ་མོན་གྲོང་གི་ཉེན་རྟོག་ཅུས་དང་། མེ་ཟོན་ཅུས། དེ་བཞིན་ཝོ་སི་པའོ་གྲོང་ཁྱེར་གྱི་ཁྲིམས་བསྟར་མི་སྣ་བཅས་ཀྱིས་ཡུལ་དངོས་སུ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
ཝོ་སི་པའོ་གྲོང་ཁྱེར་མེ་ཟོན་ཅུས་ཀྱི་མགྲིན་ཚབ་པ་ཞིག་གིས་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ཡུལ་དུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཁྲིམས་བསྟར་མི་སྣར་ཉིན་དེའི་ཆུ་ཚོད་9དང་སྐར་མ་57ཐོག་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པའི་ཉེན་བརྡ་འབྱོར་བ་དང་དེ་རྗེས་དོན་རྐྱེན་ཐོན་ཡུལ་དུ་བསྐྱོད་པ་རེད། མེ་མདའ་ཕོག་པའི་མི་3སྨན་ཁང་དུ་བསྐྱལ་བ་དང་དེའི་ནང་མེ་མདའ་རྒྱག་མཁན་ཡང་ཚུད་ཡོད་ཅེས་བརྗོད་པ་རེད།