དུག་འདོན་དུས་ཆེན་ངོ་སྤྲོད་མདོར་བསྡུས་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18


    དུག་འདོན་དུས་ཆེན་ནི་ཉི་མ་སྐར་མ་གསལ་བོ་ཞིག་གཏན་ཁེལ་བྱས་མེད་ཀྱང་། ཕལ་ཆེར་ལོ་རེའི་དགུན་ཁར་རྩྭ་རྩི་དང་སྡོང་ལོ་སྐམ་པར་གྱུར་ནས་མེ་སྐྱོན་འབྱུང་སླ་བའི་དུས་སུ་སྤེལ་བ་ཞིག་ཡིན་ལ། དུས་ཆེན་དེ་གཙོ་བོ་མདོ་སྨད་ཟི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་དང་ནང་སྒོས་སུ་གཟི་ཚ་སྡེ་དགུ་ས་ཆ་ནས་གྲོང་ཚོ་ཐུན་མོང་གིས་ཆེད་དམིགས་སུ་བཙུགས་པའི་དུག་འདོན་དུས་ཆེན་ལ་རོལ་སའི་ར་བར་མཉམ་དུ་འཛོམས་ནས་རོལ་བ་ཡིན་ཞིང་།  ཡུལ་ཕྱོགས་དེའི་གྲོང་ཚོ་རེ་རེར་དུས་ཆེན་ཁྱད་པར་བ་དེ་དར་རྒྱ་ཤིན་ཏུ་ཆེ་བར་བཤད།

    བོན་ལུགས་ཀྱི་ཆོ་ག་ལྟར་དུས་ཆེན་གྱི་ནང་དོན་གཙོ་བོ་ནི་གྲོང་ཚོའི་ཁྱིམ་ཚང་རེས་མོས་ཀྱིས་ལོ་རེ་རེར་ནོར་ལུག་གང་རུང་ཕུལ་ནས་དམར་མཆོད་བྱེད་པ་དང་། ཁོ་ཚོས་སྣོད་བཅུད་ཐམས་ཅད་ལ་དབང་སྒྱུར་མཁན་གྱི་ལྷ་རེ་བཞུགས་ཡོད་པའི་འདུ་ཤེས་བཅངས་ནས་མི་ཕྱུགས་ལ་ནད་ཡམས་གོད་ཁ་དང་མེ་སྐྱོན་ཆག་སྒོ་སོགས་མི་འབྱུང་ཞིང་དུས་ལས་ཡོལ་བ་མེད་པར་ནང་ཡང་ཐུགས་རྗེ་སྤྱན་གྱིས་གཟིགས་རོགས་ཞེས་འཇིག་རྟེན་པའི་ལྷ་ལ་སྐྱབས་འཇུག་ཞུ་བ་དང་། དུས་མཚུངས་སུ་ཡུལ་མི་རྣམས་ཀྱིས་མ་བསྐུལ་རང་རྟོགས་ཀྱིས་རང་གི་ཕ་ས་ཕྱུག་མོ་ལ་གཅེས་སྐྱོང་བྱེད་པ་དང་རང་བྱུང་ཁམས་ལ་གནོད་འཚེ་གཏང་མི་རུང་བའི་ཆེད་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ནས་ཤིང་ནགས་རྩྭ་རྩི་ཀུན་ལ་མེ་སྐྱོན་སྔོག་འགོག་གི་བསླབ་བྱ་གཏོང་བ་ཞིག་ཡིན།
 


རྩོམ་ཡིག་རྗེས་མ།
བཅུ་བའི་ལྔ་མཆོད་ཆེན་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1