༄༅། །གྱོད་དཔེ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13


    རིན་ཆེན་ནི་དམའ་འབྲིང་འདོན་བཞིན་ཡོད་པའི་སློབ་མ་ཞིག་ཡིན། འོན་ཀྱང་ཁོའ་ིཁྱིམ་ཐོ་དང་སྡོད་དམངས་ལག་འཁྱེར་སྟེང་རིག་འཛིན་ཞེས་བྲིས་ཡོད་པ་དང་། ཁོའ་ིཕ་མས་ཀྱང་དོན་དེ་ལ་དོ་སྣང་མ་བྱས། འོན་ཀྱང་ད་སྐབས་སློབ་གྲྭའི་ལས་དོན་དང་འགྲོ་ལུགས་ཀྱི་རྣམ་གྲངས་དག་སྒྲུབ་དུས་ཤིན་ཏུ་སྟབས་མི་བདེ་བར་འགྱུར་བཞིན་ཡོད། དེ་བས་གལ་ཆེ་བ་ནི་མི་འགྱངས་པར་འབྲིང་རྒྱུགས་སྤྲོད་ལ་རན་འདུག་པས་འཛིན་བདག་དགེ་རྒན་གྱིས་ཁོ་ལ་དོན་དམ་དུ་ཁྱོད་ཀྱི་མིང་གང་ཡིན། རྒྱུགས་ཤོག་སྟེང་མིང་གང་འདོད་དུ་བྲིས་མི་ཆོག་ངེས་པར་དུ་ཁྱིམ་ཐོ་དང་བསྟུན་དགོས་ཞེས་བཤད། ཁྱིམ་ཐོ་སྟེང་གི་མིང་ནི་ཏག་ཏག་སྔོན་མའི་མིང་རིག་འཛིན་ཡིན་འདུག་པས་དེ་སྤྱོད་འདོད་མ་བྱུང་སྟེ། མིང་དེ་སྤྱད་ཚེ་རྗེས་མར་མཐོ་འབྲིང་སྐབས་སུ་གཞན་གྱིས་དེ་ལྟར་འབོད་སྲིད་པར་སྙམ་པས་རེད། ཁྱིམ་ཐོ་སྟེང་གི་རུས་མིང་ཇི་ལྟར་བརྗེ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1