སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པའི་དཔྱད་གླེང་།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
ལོ་རྒྱུས་ཤིང་རྟ་འགོག་མེད་མདུན་དུ་ཕྱོགས།། དུས་རབས་གཙང་པོོ་འགོག་མེད་མདུན་དུ་བཞུར།།
“དེ་རིང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཛམ་གླིང་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཡོད་ལ། རང་རེའི་རླབས་ཆེན་མེས་རྒྱལ་གྱི་གོ་གནས་ལ་སྟོབས་ཤུགས་ཅི་འདྲ་ཞིག་གིས་ཀྱང་གཡོ་འགུལ་གཏོང་མི་ཐུབ་པ་དང་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་ལ་སྟོབས་ཤུགས་ཇི་འདྲ་ཞིག་གིས་ཀྱང་འགོག་རྐྱེན་བཟོ་མི་ཐུབ། ”ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་ཀྲུང་གོས་ལོ་ངོ་70རིང་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་བསྟོད་བསྔགས་གནང་པ་དང་། བློ་སྤོབས་ལྡན་པས་མུ་མཐུད་དུ་ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བའི་ཆོད་སེམས་བརྟན་པོ་བསྒྲགས་པར་ཀྲུང་གོ་མི་དམངས་ཀྱིས་ཕུགས་བསམ་ལ་སྙེག་པའི་སྤྲོ་སེམས་ལ་སྐུལ་སློང་དང་ཀྲུང་ཧྭ་མི་རིགས་ཀྱིས་ཡང་བསྐྱར་ངོ་མཚར་གྱི་མཛད་རྗེས་འཇོག་པའི་སྤོབས་སེམས་ལ་སྐུལ་མ་མཛད།
ཀྲུང་གོ་གསར་པའི་ལོ་ངོ་70ནི་ཅི་འདྲའི་འོད་སྟོང་འཕྲོ་བ་ལ། ལོ་ངོ་70ཡི་རིང་ལ། མི་རེའི་ཆ་སྙོམས་ཀྱི་རྒྱལ་དམངས་ཡོང་འབབ་ཨ་སྒོར་27ལས་མེད་པ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་གཞི་ཨང་གཉིས་པའི་བར། “འདྲུད་འཐེན་འཁོར་ལོ་ཞིག་ཀྱང་གསར་གཏོད་བྱེད་མི་ཐུབ་པ”ནས་འཛམ་གླིང་གི་ཆེས་འཐུས་ཚང་བའི་བཟོ་ལས་མ་ལག་ཡོད་པའི་བར། དབུལ་ཞིང་ཕོངས་བ་དང་ཉམས་པ་ཀུན་གསོ་ནས་འཛམ་གླིང་གི་དངོས་ཟོག་ཉོ་ཚོང་རྒྱལ་ཁབ་ཨང་དང་པོ་དང་ཕྱི་དངུལ་གསོག་གྲབས་རྒྱལ་ཁབ་ཨང་དང་པོར་གྱུར་བའི་བར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱིས་སྣེ་ཁྲིད་དེ་“མངོན་འགྱུར་བྱུང་མི་ཐུབ་པ”དག་རེ་རེ་བཞིན་མངོན་འགྱུར་བྱུང་བ་དང་། ཡིད་ཆེས་དཀའ་བའི་ངོ་མཚར་གྱི་མཛད་རྗེས་མང་པོ་རེ་རེ་བཞིན་གསར་དུ་གཏོད། དེ་རིང་། སྔོན་ཆད་ལྟོ་རྒྱབ་ཀྱང་མི་ཁེབས་པའི་ང་ཚོ་ཁྱོན་ཡོངས་འབྱོར་འབྲིང་དུ་བསྐྱོད་ཐུབ་པ་བྱུང་ཞིང་། སྔོན་ཆད་དབུལ་ཕོངས་ཡིན་པའི་ཀྲུང་གོ་དར་རྒྱས་ཀྱི་ལམ་དུ་ཞུགས། སྔོན་ཆེད་ནུས་མེད་གཉོམ་ཆུང་ཡིན་པའི་མི་རིགས་ཀྱིས་འོད་སྟོང་འཕྲོ་བའི་རླབས་ཆེན་བསྐྱར་དར་གྱི་མདུན་ལྗོངས་བསུས། ཡར་ལངས་པ་དང་ཕྱུག་པོར་ཆགས་པ་ནས་སྟོབས་འབྱོར་རྒྱས་པའི་བར། ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་དུ་གྱུར་ཞིང་། “དུས་རབས་ཀྱི་རྗེས་ཆོད་པ”ནས“དུས་རབས་ཀྱི་སྣེ་ཁྲིད་པའི”བར་ཀྲུང་གོ་མི་དམངས་བློ་སྤོབས་ཆེན་པོས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པ་བྱུང་། ལོ་རྒྱུས་དང་མངོན་སུམ་གྱིས་ཀྲུང་གོ་མི་དམངས་ཀྱིས་ངེས་པར་ཐུབ་པ་དང་ཀྲུང་གོས་ངེས་པར་འཁྱོངས་སྲིད་པ་ར་སྤྲོད་བྱས་པ་རེད།
མདུན་སྐྱོད་ཀྱི་གོམ་སྟབས་འགོག་ཏུ་མེད་པ་ནི་ང་ཚོས་ལོ་རྒྱུས་འཕེལ་རྒྱས་ཀྱི་གཏན་ཚིགས་ཁྲོད་མདུན་དུ་སྐྱོད་བཞིན་ཡོད་པས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཀྲུང་ཧྭ་མི་རིགས་ཀྱིས་དུས་ཡུན་རིང་པོར་ནུས་ཚད་གསོག་འཇོག་བྱས་པས་ད་ནི་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་རན་འདུག”ཅེས་པ་ལྟར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་གྱུར་བ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན། ཀྲུང་གོའི་ཕུགས་འདུན་ནི་ང་ཚོ་མི་རིགས་ཡོངས་ཀྱི་ཐུན་མོང་གི་དྲན་པའི་ལོ་རྒྱུས་ཁྲོད་མངལ་དུ་སྦྲུམ་པ་ཡིན་ལ། བརྙས་བཅོས་དང་དཀའ་སྡུག་གི་དེའི་གཤིན་ས་ཡིན་པས་དེ་ལྟར་གཏིང་ཟབ་པ་དང་། དེ་ལྟར་མི་སེམས་སྒུལ་བ་ཡིན། ཀྲུང་གོའི་ཕུགས་བསམ་ནི་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ཀྱི་ཕུགས་བསམ་དང་རེ་འདུན་ཁྲོད་ནར་སོན་པ་ཡིན་ལ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ནི་ཁོའི་དངོས་ཡོད་ཀྱི་འདེགས་གཞི་ཡིན་པས་ཁོར་དེ་ལྟར་སྟོབས་ཤུགས་མངའ་ལ། དེ་ལྟར་མི་སེམས་འགུག་པར་བྱེད། ཀྲུང་གོའི་ཕུགས་འདུན་གྱི་ངོ་བོ་ནི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་རེ་སྙེག་ཡིན། འདི་ནི་བཅོམ་དུ་མེད་པའི་བླ་མེད་དབང་ཆ་ཡིན། ཀྲུང་གོའི་ཕུགས་བསམ་མངོན་དུ་འགྱུར་བར་མི་དམངས་ཀྱི་འདོད་འདུན་ལ་བསྟུན་ཞིང་ལོ་རྒྱུས་གཏན་ཚིགས་ཀྱི་དྲང་བདེན་དང་མཐུན་པའི་ལས་དོན་ཞིག་ཡིན། “དྲང་བདེན་གྱི་ལས་དོན་ལ་དགྲ་བོ་སུས་ཀྱང་རྒོལ་བར་མི་ནུས།”ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཕུགས་བསམ་རྒྱུན་འཁྱོངས་དང་གསར་བརྗེའི་འདུ་ཤེས་སྲ་བརྟན་དུ་བཏང་ན་དཀའ་སྡུག་རེ་རེ་ལས་རྣམ་པར་རྒྱལ་ངེས། དོང་རྙི་དང་རྗེས་འདེད་མཐའ་བསྐོར། བཀག་སྡོམ་ས་མཚམས་སོགས་ལས་ཐར་ནས་དེ་དག་རྗེས་སུ་བསྐྱུར་ངེས།
མདུན་སྐྱོད་ཀྱི་གོམ་སྟབས་འགོག་ཏུ་མེད་པ་ནི་ང་ཚོ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱུས་འགྲོ་བཞིན་པས་རེད། གཉོམ་ཆུང་དབུལ་ཕོངས་ཀྱི་རྗེས་ལུས་རྒྱལ་ཁབ་ཅིག་འཛམ་གླིང་གི་དཔལ་འབྱོར་དངོས་གཞི་ཨང་གཉིས་པར་གྱུར་བར། ཀྲུང་གོས་ཕྱི་ཕྱོགས་ལ་རྒྱ་སྐྱེད་དང་འཕྲོག་བཅོམ་ལ་བརྟེན་པ་མ་ཡིན་པར་། དུས་དང་རྣམ་པ་ཀུན་ཏུ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པས་ཡིན། འཛམ་གླིང་ཡོངས་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བརྒྱུད་སྐབས་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་ཡིན་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འགོར་བ་དང་། ལྷག་པར་བཅོས་བསྒྱུར་སྒོ་འབྱེད་ཚུན་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་བཙན་རང་བདག་གི་ཞི་བདེ་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་། དུས་དང་རྣམ་པ་ཀུན་ཏུ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་ཞུགས་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་མིའི་རིགས་མཉམ་དུ་འཕེལ་རྒྱས་སུ་ཕྱིན་པར་དེར་མཐུན་གྱི་མཛད་རྗེས་བཞག ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། ང་ཚོས་ཧུར་ཐག་གིས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་དང་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཅས་ལ་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཁྲོད་རྒྱལ་ཁབ་ཆེན་པོའི་འགན་ཁུར་བ་རེད། མདུན་སྐྱོད་ཀྱི་ལམ་དུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་ཕན་བཅས་འགོག་ཏུ་མེད་པའི་དུས་རབས་ཀྱི་རླབས་རྒྱུན་ལ་བསྟུན་ཞིང་།
ཀྲུང་གོ་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ཤིང་དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་ལ་ཞི་བདེ་སྐྲུན་མཁན་དང་འཛམ་གླིང་འཕེལ་རྒྱས་ལ་མཛད་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལུགས་ཀྱི་འགན་སྲུང་བ་བྱས།
“ཀྱག་ཀྱོག་ལམ་ལ་ཞུགས་ནས་ལམ་ཆེན་གཏོད།”ཀྲུང་ཧྭ་མི་རིགས་ནི་དཀའ་སྡུག་བརྒྱུད་པའི་དཔའ་ངར་ཞུམ་མེད་ཀྱི་མི་རིགས་རླབས་ཆེན་ཞིག་དང་། ཀྲུང་གོའི་མི་དམངས་ནི་ལས་ལ་བརྩོན་ཞིང་དཔའ་སྤོབས་ལྡན་པའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ནི་འཐབ་རྩོད་བྱེད་སྤོབས་པ་དང་རྒྱལ་ཁ་ལེན་ཕོད་པའི་རླབས་ཆེན་གྱི་སྲིད་ཏང་ཞིག་ཡིན། མི་རིགས་བསྐྱར་དར་གྱི་མཛེས་སྡུག་མདུན་ལྗོངས་བསུས་ནས་མི་རབས་ནས་མི་རབས་ཀྱི་མདུན་སྐྱོད་ཁྲོད་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་རྒྱང་ཐག་མི་རིང་བའི་མ་འོངས་པར་ཕུགས་བསམ་གྱི་མཚར་སྡུག་བྲི་ངེས། །