དགུན་དུས་བོད་ལྗོངས་ལྷུན་གྲུབ་ཏུ་ཁྲུང་ཁྲུང་སྐེ་ནག་མང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-15


   2020ལོའི་ཟླ་1ཚེས་11ཉིན་ཁྲུང་ཁྲུང་སྐེ་ནག་མང་པོ་བོད་ལྗོངས་ལྷུན་གྲུབ་རྫོང་གི་སྟག་མགོ་ཆུ་མཛོད་ཉེ་འགྲམ་གྱི་དགུན་ཆུ་བཏང་བའི་ཞིང་ཁར་ཟས་འཚོལ་བཞིན་ཡོད།

    དགུན་ཁ་ཤར་བ་དང་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བསྒྲིགས་ནས་རི་ཀླུང་སྟོང་ཕྲག་བརྒལ་ཏེ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་སར་ཡོང་བ་དང་། དགུན་དལ་ཞིང་ནང་གི་རྒྱ་ཆེ་བའི་ཡར་ཀླུང་གཙང་པོའི་འབབ་རྒྱུད་དུ་ཟས་འཚོལ་དགུན་སྒྲོལ་བྱེད་པ་དང་ལྷག་པར་དུ་ལྷ་ས་དང་བར་ཐག་སྤྱི་ལེ་བདུན་ཅུ་ཡོད་པའི་ལྷུན་གྲུབ་ཀྱི་ཉེ་འགྲམ་ནི་དུས་བྱ་མང་དག་ངལ་གསོ་བ་དང་དགུན་སྒྲོལ་བྱེད་ས་ཡག་ཤོས་ཤིག་རེད། འདི་ནི་ཟླ་1ཚེས་11ཉིན་ཁྲུང་ཁྲུང་སྐེ་ནག་ཁྱུ་གཅིག་ཞིང་གྲོང་དུ་འཕུར་བཞིན་པ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1