དཔྱིད་གསར་དུས་ཆེན་ཚེས་ལ་ཉེ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་རྟོག་ཞིབ་ཕེབས་ནས། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཚེས་19ཉིན་གྱི་ཕྱི་དྲོར་ཁོང་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་ཡུལ་ཚོ་སན་ཅ་གྲོང་པའི་ཀྲུང་ཀྲའེ་སི་མའོ་ལ་དབའ་རིགས་སྡེ་པ་རུ་ཕེབས་ནས་ཡུལ་མི་སྤུན་ཟླ་རྣམས་ལ་གཟིགས་རྟོག་གནང་བ་དང་། གྲོང་མིའི་ཁྱིམ་དུ་ཕེབས་ནས་དབུལ་སེལ་འགག་སྒྲོལ་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད། ཚང་མར་དཔྱིད་གསར་དུས་ཆེན་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས།