ལོ་སར་ལ་ཉེ་དུས་། མཛོད་དགེ་རྫོང་གི་སྲང་ལམ་དུ་ཚོང་ཟོག་འདྲ་མིན་སྣ་ཚོགས་ཀྱིས་གང་ཡོད་ལ། མི་རྣམས་ཚོང་རར་མྱུལ་ནས་ལོ་གསར་གྱི་མཁོ་ཆས་ཉོ་བར་བྲེལ་ཡོད།
ནམ་ཟླ་ཇི་འདྲའི་འཁྱགས་རུང་། མང་ཚོགས་ཀྱིས་ལོ་གསར་གྱི་མཁོ་ཆས་ཉོ་བའི་སྤྲོ་སེམས་འགོག་མི་ཐུབ།
བཀྲ་ཤིས་པའི་ཆ་ཡིག་དང་བསོད་ནམས་ཀྱི་ཡི་གེ། ལྒང་ཞུ་འདྲ་མིན་སོགས་མིག་ལ་མཛེས།
རྫོང་གྲོང་དུ་མི་ཚོགས་འདུར་ལ། ཕག་ཤ་དང་། སྒོ་ང་། ཤ་རྒྱུ་སོགས། ཀ་ར་དང་ཀ་ར་གོ་རེ། ཤིང་ཏོག་སོགས། ཚོང་རྫས་སྣ་ཚོགས་གྱིས་གང་ལ། མི་རྣམས་ཀྱི་གདོང་དུ། འཛུམ་མདངས་ཀྱིས་ཁེངས་འདུག