མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་བཀྲ་ཤིས་རྫོང་ཤང་ཐོས་བསམ་གླིང་གྲོང་ཚོ་ནི་ཇོ་མོ་གླང་མའི་འདབས་སུ་ཆགས་ཡོད། 2016ལོར། ལོ་47ལ་སླེབས་པའི་གྲོང་མི་སྐལ་བཟང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད། ཅི་བྱ་གཏོད་མེད་དུ་གྱུར་བའི་ཁོ་མོས་ཆུང་དུས་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་པང་གདན་འཐག་པ་དེ་དྲན།
པང་གདན་ནི་2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཀོད་ཡོད། སྐལ་བཟང་གིས་ཐོག་མར་རང་ཉིད་ཀྱིས་འཐག་པའི་པང་གདན་ཁྱེར་ཏེ་ཤང་དུ་འཚོང་བར་ཕྱིན་པ་དང་། དེ་རྗེས་ཉོ་མཁན་མང་དུ་ཕྱིན་ནས་ཁོང་ཚོས་ངའི་ཁྱིམ་དུ་ཉོ་བར་ཡོང་གི་ཡོད་ཅེས་བཤད། སྐལ་བཟང་གིས་འཐག་པའི་པང་གདན་གྱི་ཚོན་མདོག་བསྲེས་སྟངས་ལེགས་ལ་སྤུས་ཀ་ཡག་པས་ཤང་ནང་ཉོ་མཁན་མང་པོ་ཡོད་པ་དང་པང་གདན་གཅིག་ལ་སྒོར་300ནས་500བར་བྱས་ནས་བཙོང་གི་ཡོད་པ་རེད།
པང་གདན་འཚོང་བ་དང་སྲིད་གཞུང་གི་ཁ་གསབ་ལ་བརྟེན་ནས། སྐལ་བཟང་གི་ཁྱིམ་ཚང་2017ལོར་དབུལ་སྒྲོལ་བྱུང་ཡོད། དབུལ་སྒྲོལ་བྱུང་རྗེས། སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་ཁག་ཉུང་དུ་བཏང་མེད། ཁྱིམ་དུ་ལོ་80ལྷག་ཙམ་ལ་སླེབས་པའི་ཨ་ཕ་དང་། ད་དུང་སློབ་གྲྭར་འགྲོ་བཞིན་པའི་ཕྲུ་གུ་གཉིས་ཡོད། ཡིན་ནའང་། མཐའ་མཚམས་ཀྱི་གྲོང་མིའི་ཁ་གསབ་དང་། རྩྭ་རའི་ཁ་གསབ། སྐྱེ་ཁམས་ཁ་གསབ་དང་སྨན་བཅོས་དང་སློབ་གསོ་འགན་སྲུང་གི་སྲིད་ཇུས་བཅས་ཡོད་པས། རང་གཅིག་པུས་ཁྱིམ་ཚང་སྐྱོང་བཞིན་པའི་སྐལ་བཟང་ལ་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པ་རེད།