སྤྱི་ཟླ་2ཚེས་9ཉིན་གྱི་ཆུ་ཚོད་24བར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་རིམ་རྩིས་བྱས་ན། ད་ལྟ་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་35982ཡོད་པ་དང་།(དེ་ལས་ནད་གཞི་ཚབས་ཆེན་ཡིན་པའི་ནད་པ་6484ཡོད་) རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་པའི་ནད་པ་3281ཡོད། ཚེ་ལས་འདས་པའི་ནད་པ་908ཡོད་ལ། རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་པ་40171བྱུང་ཡོད།(ཧུའུ་པེ་87 ཅང་ཞི་དང་ཀན་སུའུ་ལ་སོ་སོར་ནད་པ་1ཇེ་ཉུང་ཕྱིན་) ད་ལྟ་དོགས་ཡོད་ནད་པ་23598ཡོད་པ་རེད། ད་དུང་ནད་པ་དང་འབྲེལ་འདྲེས་བྱེད་མཁན་མི་399487རྙེད་ཡོད་པ་དང་འབྲེལ་འདྲིས་བྱེད་མཁན་མི་187518ལ་གསོ་རིག་བརྟག་དཔྱད་བྱེད་བཞིན་ཡོད་པའི་སྙན་ཞུ་འབྱོར།
སྤྱི་ཟླ་2པའི་ཚེས་9ཉིན་གྱི་ཆུ་ཚོད་24བར། སི་ཁྲོན་ཞིང་ཆེན་དུ་ནད་པ་19ཇེ་མང་ཕྱིན་ཡོད་པ་དང་། མིག་སྔར་ནད་པ་405ཡོད་པ་གཏན་འཁེལ་བྱུང་ཟིན་ལ། ནད་པ་328ཟུར་དུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད།(དེ་ལས་ནད་གཞི་ཚབས་ཡིན་པའི་ནད་པ་18ཡོད་) ད་དུང་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་པ་76ཡོད་པ་དང་ཚེ་ལས་འདས་པ་1ཡོད། གཞན་ཡང་ཉིན་དེར་མི་1079ལ་ནད་འགོས་མེད་པ་ཐག་བཅད་ཅིང་། མི་6912ལ་གསོ་རིག་བརྟག་དཔྱད་བྱེད་བཞིན་ཡོད།
སྤྱི་ཟླ་2པའི་ཚེས་9ཉིན་གྱི་ཆུ་ཚོད་24བར་དུ་དཀར་མཛེས་ཁུལ་ལ་ནད་པ་6ཇེ་མང་སོང་ཞིང་། ད་ལྟ་དཀར་མཛེས་ཁུལ་དུ་བསྡོམས་པས་ནད་པ་23ཡོད་པ་རེད།