སྤྱི་ཟླ་2པའི་ཚེས་16ཉིན། ཉིན་24ཡི་རིང་གཅིག་བསྡུས་ཀྱི་ཟུར་བཀར་བརྟག་དཔྱད་ནན་མོ་བྱས་པ་བརྒྱུད། དཀར་མཛེས་ཁུལ་གྱི་ཐུག་འདྲིས་ཟབ་མོ་བྱེད་མཁན་མི་17གཅིག་བསྡུས་ཟུར་བཀར་གྱི་སྨན་བཅོས་བརྟག་དཔྱད་ལས་གྲོལ་ཅིང་། དེའི་ནང་ན་ནད་ངོ་བཟུང་བའི་ནད་པ་གཉིས་ལ་ཐོག་མར་སྨན་བཅོས་བྱེད་མཁན་གྱི་སྨན་བཅོས་མི་སྣ་གཉིས་ཀྱང་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་གཅིག་བསྡུས་ཟུར་བཀར་གྱི་སྨན་བཅོས་བརྟག་དཔྱད་ལས་གྲོལ་བའི་མི་17དང་སྤྱི་1པོའི་ཚེས་25ཉིན་ནད་ངོ་བཟུང་བའི་ནད་པ་འཇམ་ཆེ་གེ་མོ། ད་དུང་ནད་རྟགས་མངོན་མེད་པའི་རྒྱ་ཆེ་གེ་མོ་བར་འབྲེལ་འདྲིས་ཟབ་མོ་བྱེད་མྱོང་། རྟའུ་རྫོང་ཏོག་གསར་གློ་ཚད་མཛུབ་སྟོན་པུའུ་ཡིས་སྤྱི་ཟླ་1པོའི་ཚེས་24ཉིན་ནས་གཅིག་བསྡུས་ཟུར་བཀར་གྱི་ཐབས་ལམ་སྤྱོད་པ་རེད།