དཀར་མཛེས་ཁུལ་གྱི་བོད་རིགས་སློབ་འབྲིང་དྲ་བ་སྒོ་ཕྱེ་བ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-21


             ཉེ་ལམ། དཀར་མཛེས་ཁུལ་གྱི་བོད་རིགས་སློབ་འབྲིང་དྲ་བ་(http://www.tibetgz.com) སྒོ་ཕྱེ་ཡོད་པ་དང་། དྲ་བ་འདིའི་ནང་དོན་ལ་སློབ་གྲྭ་རང་གི་སྐབས་དོན་གཙོ་བྱས་པའི་ཐོག བོད་ཀྱི་སློབ་འབྲིང་ཁག་དང་། སློབ་ཆུང་ཁག་སོ་སོའི་བསླབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱས་ཡོད། གཞན་སློབ་རའི་དགོས་མཁོར་དམིགས་ནས་སྨྱན་མང་ཁྲིད་ཆས་དང་། རྒྱུགས་གཞི། ཁྲིད་གཞི་སོགས་ཀྱི་ལེ་ཚན་ཡང་བགར་ཡོད་ལ། མཐོ་འབྲིང་དང་དམའ་འབྲིང་། སློབ་ཆུང་སོགས་ཀྱི་བསླབ་གཞིའི་རྒྱུ་ཆ་དང་བོད་ཀྱི་རིག་གནས། བརྙན་གཟུགས། རྩོམ་རིགས་གླིང་ཀ་སོགས་ཀྱི་ལེ་ཚན་ཡང་བཀོད་སྒྲིག་བྱས་འདུག

            དྲ་བ་འདི་ནི་དཀར་མཛེས་ས་ཁུལ་གྱི་བོད་ཡིག་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བོད་ཀྱི་རིག་གནས་དང་སྒོས་སུ་བོད་སྐད་ཡིག་གི་བསླབ་གཞིའི་སྐོར་གྱི་ཁྲིད་གཞི་དང་ཁྲིད་ཆས་སོགས་ཀྱི་རྒྱུ་ཆ་ཤིན་ཏུ་དཀོན་པར་དམིགས་ནས་བསྒྲུབས་པ་ཡིན་པས། བོད་ཁམས་ཀྱི་བོད་ཡིག་སློབ་གྲྭ་ཁག་དང་རྒྱ་ཆེའི་དགེ་སློབ་ཡོངས་ནས་དྲ་བར་རྩོམ་ཡིག་གང་ལེགས་བསྐུར་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ཅིང་། མ་འོངས་པར་དྲ་བ་འདི་སྔར་ལས་ལྷག་པར་ཇེ་ལེགས་དང་ཇེ་རྒྱས་སུ་གཏོང་འཆར་ཡང་འདུག །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1