འདི་ལོའི་ལོ་གསར་འདི་ལྟར་གཏོང་དགོས་ཀྱི་འདུག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 02-17



         ནད་ཡམས་ལ་ཁ་གཏད་ཧུར་ཐག་བཅག་ནས་བདེ་ཐང་དང་ཤེས་དཔལ་ལྡན་པའི་ངང་ནས་བོད་ཀྱི་ལོ་གསར་གཏོང་རྒྱུའི་གྲོས་འདོན་ཡི་གེ།
           གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་གྲོང་མི་གྲོགས་པོ་ལྷན་རྒྱས།
           བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་འགག་རྩའི་དུས་སུ་སླེབས་ཡོད། སྐུ་ཉིད་ཀྱི་གཟུགས་གཞིའི་བདེ་ཐང་ལ་འགན་སྲུང་ཏན་ཏན་ཏིག་ཏིག་བྱ་ཆེད། ང་ཚོས་གྲོས་འགོ་འདོན་རྒྱུར།  
           གཅིག འདུ་འཛོམས་བྱས་ནས་དངོས་ཟོག་མི་ཉོ་བ། གྲོང་ཁྱེར་ཡོངས་སུ་ལོ་གསར་གྱི་མཁོ་ཆས་ཉོ་ས་དམངས་ཕན་ཐད་ཚོང་ས་ཚིགས་239བཙུགས་ཡོད་པས། ཁྱིམ་ཚང་རེས་ནང་མི་རེ་བཏང་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལོ་གསར་གྱི་མཁོ་ཆས་ཉོ་ཆོག་ལ། རྒན་རྒོན་དང་བྱིས་པ་མཉམ་དུ་ཅ་དངོས་ཉོ་སར་སྐྱོད་མི་རུང་། དེ་བཞིན་སྐད་འཕྲིན་དང་མོས་ཚོགས་སོགས་དྲ་ལམ་བརྒྱུད་ནས་ལོ་གསར་གྱི་མཁོ་ཆས་ཉོ་ཆོག
           གཉིས། ལོ་གསར་གྱི་འཚམས་འདྲིར་མི་འགྲོ་བ། ཁྱིམ་མཚེས་དང་གཉེན་ཉེ་སོགས་ལ་ཁ་པར་དང་། འཕྲིན་ཐུང་། སྐད་འཕྲིན། བརྙན་ལམ་སོགས་ནས་འཚམས་འདྲི་དང་ལོ་གསར་གྱི་རྟེན་འབྲེལ་ཞུ་བ་ལས་ཁྱིམ་དུ་འགྲོ་མི་རུང་།
           གསུམ། དགའ་ཉེ་སྤུན་གྲོགས་དང་ཐུག་འཕྲད་མི་བྱེད་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་དགོས་ན་ཚང་མས་བར་ཐག་ངེས་ཅན་འཇོག་དགོས། ཡིན་ནའང་དགའ་ཉེ་སྤུན་གྲོགས་དབར་གྱི་བརྩེ་བ་ནམ་ཡང་གནས་སྲིད་པས་སྐུ་ཉིད་ཀྱིས་མཚམས་འདྲིར་མི་སྐྱོད་པར་མི་གཞན་དང་བར་ཐག་ཉེ་པོས་འབྲེལ་འདྲིས་ཉུང་ཙམ་བྱེད་དགོས།
           བཞི། འདུ་འཛོམས་དང་སྟོན་མོ་མི་གཤོམས་པ། ཏོག་གསར་གློ་ཚད་མཆེད་མགྱོགས་ཤོས་ནི་འདུ་འཛོམས་དང་སྟོན་མོ་བཤམས་པ་ལས་བྱུང་བས། ལོ་གསར་གཏོང་རིང་སྐུ་ཉིད་ནས་འདུ་འཛོམས་དང་སྟོན་མོ་མི་གཤོམས་པར་ཁྱེད་དང་ནང་མིར་ནད་ཡམས་ཀྱི་གེགས་བར་མི་འཕྲད་པ་བྱེད་དགོས།
           ང་ཚོ་ཚང་མས་རང་ཉིད་ནས་འགོ་བརྩམས་ཏེ་སྤྱི་ཚོགས་ཀྱི་སྤྱོད་བཟང་དར་སྤེལ་གྱིས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་མཉམ་དུ་ལེགས་སྐྱེས་འབུལ་དགོས།
           གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་གྲོང་མི་ལྷན་རྒྱས་དུས་ཆེན་སྤྲོ་པོ་དང་ཁྱིམ་ཚང་འཆམ་མཐུན། བདེ་སྐྱིད་དཔལ་གྱིས་ཕྱུག་པ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
           ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1