འདི་ནི་ཉེ་ཆར་པར་དུ་བླངས་པའི་སྨན་གླིང་ཕུག་ལམ་གྱི་གཏིང་རིང་ཤོས་སུ་ཡོད་པའི་འཐབ་ས་དང་པོའི་ཨར་སྐྲུན་པ་ཚོས་དུས་ཚོད་དམ་འཛིན་གྱིས་ཨར་སྐྲུན་བྱེད་བཞིན་པ།
ཁྱོན་རིང་ཚད་ལ་སྤྱི་ལེ་11.56ཡོད་པའི་ལྷ་ཉིང་ལྕགས་ལམ་སྨན་གླིང་ཕུག་ལམ་ནི་ལྷ་ཉིང་ལྕགས་ལམ་ཡོངས་ཀྱི་གཙོ་གནད་དང་དཀའ་གནད་ཆེ་ཤོས་ཀྱི་ལས་གྲྭའི་གྲས་ཤིག་རེད་ལ། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་ཀྱི་ཕུག་ལམ་ཞིག་ཀྱང་རེད། རྣམ་གྲངས་ཀྱི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་གླིང་ཕུག་ལམ་འདི་ཉིད་འདི་ལོའི་ཟླ་3པའི་ཟླ་མཇུག་ཏུ་ཏལ་འབིགས་ཐུབ་རྒྱུའི་འཆར་གཞི་ཡོད་པ་དང་། ལས་གྲྭའི་འཕེལ་རིམ་འགན་ལེན་བྱ་ཆེད་མིག་སྔར་ཨར་སྐྲུན་པས་མཐའ་མའི་སྨི་60སྔོག་འདྲུ་བྱེད་བཞིན་ཡོད།