བོད་རང་སྐྱོང་ལྗོངས་ཀྱིས་ཧུའུ་པེ་ཞིང་ཆེན་ལ་ཞལ་འདེབས་ཕུལ་བའི་དངོས་ཟོག་ཁག་གཉིས་པ་དངོས་སུ་དབོར་འདྲེན་བྱས་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 03-02



        དུས་ཡུན་རིང་པོའི་ནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཛའ་བརྩེའི་ཐུགས་ཁུར་འོག་དང་། ཧུའུ་པེ་ཚུད་པའི་ཞིང་ཆེན་དང་གྲོང་ཁྱེར་༡༧གྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད། ད་ཆ་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས་བཅས་ཀྱིས་ཁ་གཏད་རོགས་སྐྱོར་འོག མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། མཛེས་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་ལམ་བུའི་ཐོག་སྐྱོད་བཞིན་ཡོད། ཐེངས་འདིའི་ཧུའུ་པེར་རིམས་ནད་ཐོན་པས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་དུ་དངུལ་དང་དངོས་པོ་ཞལ་འདེབས་འཕུལ་བའི་བྱེད་སྒོ་སྤེལ་ནས། ཧུའུ་པེར་རོགས་སྐྱོར་བྱས་པ་རེད།

        སྤྱི་ཟླ་༢པའི་ཚེས་༢༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ཙམ་ལ། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་གྲོང་ནུབ་ཟོག་འདྲེན་འབབ་ཚུགས་ནས། བོད་རང་སྐྱོང་ལྗོངས་ཀྱིས་ཧུའུ་པེ་ཞིང་ཆེན་ལ་ཞལ་འདེབས་ཕུལ་བའི་དངོས་ཟོག་ཁག་གཉིས་པ་དངོས་སུ་དབོར་པ་དང་། ཐེངས་འདིའི་ཞལ་འདེབས་དངོས་ཟོག་ནང་། བོད་ཀྱི་ཤ་ཀྲོན་༦༠དང་། གཏེར་ཆུ་ཁྲོན་༢༠༠༠སོགས་རིན་ཐང་སྒོར་ཁྲི་༩༤༠ཟིན་གྱི་ཡོད་པ་རེད།


        དུས་གཅིག་ཏུ། བོད་ཀྱི་མི་དམངས་ཀྱིས་ཧུའུ་པེའི་མི་དམངས་ལ་བསྐུར་བའི་བོད་ཕག་གི་ཤ་ཀྲོན་༣༠བླུགས་པའི་ཟོག་འདྲེན་རླངས་འཁོར་ལྔ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནས་ཧུའུ་པེ་དང་ཝུའུ་ཧན་ལ་རྡོག་ཐོན་བྱས་ཤིང་། འདི་ནི་བོད་ཀྱིས་ཧུའུ་པེ་ཞིང་ཆེན་ལ་ཞལ་འདེབས་ཕུལ་བའི་རིམས་འགོག་དངོས་ཟོག་ཁག་གཉིས་པ་དེ་ཡིན།

        བོད་ཀྱིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་དངོས་ཟོག་གང་མགྱོགས་ཝུའུ་ཧན་ལ་འབྱོར་ཆེད། ཆབ་མདོས་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་པ་དང་། ཞིང་ལས་གྲོང་གསེབ་སོགས་ཀྱི་འབྲེལ་ཡོད་ཚན་པས་དུས་ཚོད་དམ་འཛིན་བྱས་ནས། ལས་མི་སྒྲིག་འཛུགས་སྒོས་ལས་ཀ་འཕར་མ་བྱས་ནས། དུས་རྒྱུན་ཉིན་བཅུ་འགོར་བའི་ལས་ཀ་དེ་ཉིན་གསུམ་ནང་བྱས་པས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཝུའུ་ཧན་གྱི་རིམས་ནད་འགོག་ཟོན་ལ་རྒྱབ་སྐྱོར་བྱས་པ་རེད།

        ཐེངས་འདིའི་ཞལ་འདེབས་ཕུལ་བའི་འཚོ་བའི་དངོས་ཟོག་ནང་། བོད་ཀྱི་མི་དམངས་ཀྱིས་ཧུའུ་པེའི་མི་དམངས་ནས་ལོ་མང་སྒེར་མེད་རོགས་རམ་གནང་བའི་དྲིན་ཚོར་སེམས་པ་འདུས་ཡོད། རིམས་ནད་མཆེད་ཀྱང་། བོད་དང་ཧུའུ་པེའི་སྤུན་ཟླ་སེམས་པ་གཅིག་ཏུ་བསྒྲིལ་ཡོད།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1