སྤྱི་ཟླ་2པའི་ཚེས་12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་26ཐོག་བོད་ལྗོངས་སུ་ཏོག་གསར་གློ་ཚད་ནད་པ་ཀྲང་ཆེ་གེ་མོ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་འགྲོ་ལུགས་ཚང་མ་གཉེར་ཚར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་གྱེས་ཏེ། རྒྱལ་ཡོངས་ཁྱབ་ཁོངས་ནས་ཐོག་མར་ནད་པ་མེད་པའི་གནས་ཚུལ་མངོན་འགྱུར་བྱུང་།
སྤྱི་ཟླ་2པའི་ཚེས་17ཉིན། སི་ཁྲོན་རྔ་བ་ཁུལ་གྱི་ཏོག་གསར་གློ་ཚད་ནད་པ་ཐོག་མའམ་ནད་པ་གཅིག་པུ་དེ་རྔ་བ་ཁུལ་མི་དམངས་སྨན་ཁང་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད་པ་དང་། ཁུལ་ཡོངས་ཀྱི་ཏོག་གསར་གློ་ཚད་ནད་པ་གསར་དུ་མ་འཕར་བ་མངོན་འགྱུར་བྱུང་།
སྤྱི་ཟླ་2པའི་ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་20ཡི་ཐོག མཚོ་སྔོན་ཞིང་ཆེན་གྱི་མཇུག་མཐའི་ཏོག་གསར་གློ་ཚད་ནད་པ་2པོ་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་ཕྱིར་བུད་པ་དང་། དུས་མཚམས་དེའི་བར་དུ་སྨན་ཁང་དེ་གར་སྨན་བཅོས་བྱེད་བཞིན་པའི་ནད་ངོ་ཟིན་པའི་ནད་པ་18ཚང་མ་སྨན་ཁང་ནས་ཕྱིར་ཐོན་ཏེ། གསར་དུ་ནད་པ་མ་འཕར་བ་མངོན་འགྱུར་བྱུང་།
སྤྱི་ཟླ་2པའི་ཚེས་24ཉིན་གྱི་ཕྱི་དྲོར། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ནད་པ་མཐའ་མ་2ཟུར་བཀར་ལས་གྲོལ་ཏེ། སེང་དྲག་བྱུང་ནས་སྨན་ཁང་ནས་ཕྱིར་བུད། མིག་སྔའི་བར་དུ། ཀན་ལྷོ་ཁུལ་གྱི་ནད་ངོ་བཟུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་8པོ་ཚང་མ་སེང་དྲག་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པ་དང་། ནད་ངོ་བཟུང་བའི་ནད་པ་དང་དོགས་ཡོད་ནད་པ་གསར་དུ་མ་འཕར་བ་མངོན་འགྱུར་བྱུང་། །