དོན་འདིས། ཚང་མའི་འབད་འབུངས་བརླག་སྲིད།
རྣམ་དཀར་ལྷ་མོ་དང་ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04
མི་གཅིག་གི་སྦ་གསང་བྱས་ན།
རང་ལ་གནོད་པ་གཏོང་བ་མ་ཟད།
གཞན་ལ་དེ་བས་གནོད་པ་གཏང་སྲིད།
ཧའོ་པེ་ཡི་ནད་པ་ཞིག་གིས་སྦ་གསང་བྱས་རྐྱེན་སྨན་བཅོས་ཀྱི་དུས་སྐབས་ཡག་ཤོས་ཡལ་བ་མ་ཟད། མི་77ཟུར་དུ་བཀར།
མི་གཅིག་གི་སྦ་གསང་བྱས་ན།
ཚང་མའི་འབད་འབུངས་ཡོངས་རྫོགས།
ངལ་བ་འབྲས་མེད་གཏོང་སྲིད།
ཧྲན་ཏུང་ཝེ་ཧྥང་གི་ནད་པ་ཞིག་གིས་ནད་གཞི་སྦ་གསང་བྱས་རྐྱེན་སྨན་བཅོས་མི་སྣ་68ཟུར་དུ་བཀར་དགོས་བྱུང་།
མི་གཅིག་གི་སྦ་གསང་བྱས་ན།
མི་ཚོགས་བགྲང་ལས་འདས་པ།
ཉེན་ཁའི་གནས་སུ་གཡུག་སྲིད།
ཁྲང་ཁྲུན་གྱི་ནད་པ་ཞིག་གིས་ནད་གཞི་སྦ་གསང་བྱས་རྐྱེན་མི་5ལ་ནད་འགོས། ཐའེ་ཡོན་གྱི་བཟའ་ཟླ་ཞིག་གིས་ནད་པ་དང་འབྲེལ་ཚུལ་སྦ་གསང་བྱས་རྐྱེན་སྨན་བཅོས་མི་སྣ་17དང་གྲོང་མི་102ཟུར་དུ་བཀར།
མི་གཅིག་གི་སྦ་གསང་བྱས་ན།
ཚང་མར་འབྲས་བུ་ངན་པ་འབྱུང་སྲིད།
ཧུའུ་པེ་ཡི་སློབ་གཙོ་གཞོན་པ་བཟའ་ཟླས་ཁྲིམས་འགལ་སྒོས་ཨ་ཕའི་གསོལ་སྟོན་སྤེལ་རྐྱེན་སྨན་བཅོས་མི་སྣ་སོགས་མི་བརྒྱ་ལྷག་ཟུར་དུ་བཀར་དགོས་བྱུང་།
ནད་གཞི་སྦ་གསང་བྱས་ན།
ཉེས་ལན་རང་གིས་འཇལ་དགོས།
ཧྲང་ཧའེ་ཡིས་ནད་གཞི་སྦ་གསང་བྱས་ན་ཡིད་རྟོན་མེད་པའི་མིང་བྱང་དུ་འཇོག་རྒྱུར་ཐག་བཅད། ཅང་སུའུ་ཡིས་ནད་གཞི་སྦ་གསང་བྱས་ན་ཡིད་རྟོན་མེད་པའི་བྱ་སྤྱོད་ལ་བརྩི་རྒྱུར་ཐག་བཅས།
བསམ་བཞིན་སྦ་གསང་བྱེད་པ་ནི།
ཁྲིམས་འགལ་གྱི་བྱ་སྤྱོད་ཡིན།
ཉེན་ཁ་ཆེ་བའི་བྱ་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་པ་བཏང་བའི་ནག་ཉེས། ནད་གཞི་སྦ་གསང་བྱས་པའི་ནད་པ་20ལྷག་གི་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱེད་བཞིན་ཡོད།
གློ་བའི་རིམས་ནད་གསར་པ་ལ་“སྨན”་འདི་དག་གིས་ཕན་བཞིན་འདུག
这几种“药”,确有疗效!
ལག་པ་བཀྲུ་བ།
勤洗手
བསྟེན་ཐབས། འདག་རྫས་དང་ཆང་བཅུད་འདུས་པའི་ལག་པ་འཁྲུད་ཆས་ཀྱིས་ཐེངས་རེར་མ་མཐའ་ཡང་སྐར་ཆ་༢༠ཙམ་བཀྲུ་དགོས།
དོགས་ཟོན། ལག་མཐིལ་དང་ལག་རྒྱབ། མཛུ་གུ། ལག་སྐེ་སོགས་ཚང་མ་བཀྲུ་དགོས།
用法:用肥皂、含酒精的洗手液等洗手,每次至少20秒。
注意事项:手掌、手背、指缝、手腕等部位均要洗到。
ཁ་ཤུབས་གྱོན་པ།
戴口罩
བསྟེན་ཐབས། ལེགས་སྒྲིག་འོས་འཚམས་བྱས་ནས་ཁ་དང་སྣ། མ་ནེ་བཅས་དགབ་པ་དང་། གདོང་ལ་ལེགས་པོར་སྦྱར་དགོས།
དོགས་ཟོན། མ་གྱོན་སྔོན་ལག་པ་བཀྲུ་བ་དང་ཕྱི་ནང་བརྗེ་མི་རུང་ལ། མར་འཕུད་སྐབས་རྒྱབ་ངོས་སུ་རེག་མི་རུང་།
用法:适当调整,覆盖口、鼻、下颚,使之充分贴合面部。
注意事项:戴前洗手,正反面别戴错,摘时手别触摸口罩面。
ཁྱིམ་དུ་འདུག་པ།
宅家里
བསྟེན་ཐབས། གཞན་པའི་ཁྱིམ་དུ་མི་འགྲོ་བ་དང་ཟ་འཐུང་ལེགས་པོ་བྱ་བ། ངལ་གསོ་གང་ལེགས་དང་ལུས་སྦྱོང་འོས་འཚམ་བྱ་རྒྱུ།
དོགས་ཟོན། བཟའ་བཅའ་ལ་འཕྲོད་བསྟེན་དང་མཁའ་དབུགས་གཙང་སེལ། ཁྱིམ་ལ་རྒྱུན་དུ་དུག་སེལ་དང་གཙང་སྦྲ་བྱ་དགོས།
用法:拒绝串门,吃好喝好,注意休息,适当锻炼。
注意事项:饮食要卫生,勤通风换气,居家环境常消毒清洁。
སེམས་ཁམས་སྙོམས་སྒྲིག
调心理
བསྟེན་ཐབས། ཕན་མེད་འཁང་ར་མི་བྱེད་པ་དང་། སེམས་ཁམས་སྙོམས་སྒྲིག་རྒྱུན་འཁྱོངས་བྱེད་པ། ནང་སེམས་ཀྱི་བདེ་སྐྱིད་རེ་ཞིང་སྙེག་དགོས།
དོགས་ཟོན། ཆ་འཕྲིན་ཚད་ལྡན་ལ་དོ་ཁུར་བྱེད། དོན་མེད་དངངས་སྐྲག་དགོས་པ་མེད།
用法:摆脱负面情绪,保持平和心态,追求内心充实。
注意事项:关注权威信息,不盲目恐慌。
བཟའ་བཅའ་གང་ལེགས།
重饮食
བསྟེན་ཐབས། སྔོ་ཚལ་གསར་པ་དང་ཤིང་ཏོག་མང་ཙམ་ཟོ། ཆུ་མང་ཙམ་འཐུང་། ཤ་རིགས་དང་སྒོ་ངའི་རིགས་ཚོས་རྗེས་གསོལ།
དོགས་ཟོན། ཟ་མ་མ་ཚོས་པ་དང་ཚོས་ཟིན་པ་གཏུབ་བྱེད་ཀྱི་ཡོ་བྱད་ཁ་བགོས་ནས་སྤྱོད། རི་སྐྱེས་སྲོག་ཆགས་ཀྱི་ཤ་མ་ཟ།
用法:多吃新鲜蔬菜水果,多喝水。肉类和蛋类煮熟后食用。
注意事项:生食和熟食所用刀具、案板分开使用。不吃野味。
མཉམ་འཛོམས་སྤོངས།
少聚集
བསྟེན་ཐབས། འདུ་འཛོམ་དང་གསོལ་སྟོན་མ་བྱེད། གཉེན་དང་གྲོགས་ལ་ཐུག་འཕྲད་མ་མང་། མི་མང་སའི་གནས་སུ་འགྲོ་མི་རུང་།
དོགས་ཟོན། མཁའ་དབུགས་བརྗེ་མི་ཐུབ་པའི་གནས་ལ་མ་འགྲོ། དཔེར་ན། བརྙན་འཕྲིན་ཁང་དང་KTV ཚོང་ཁང་། རླངས་འཁོར་འཇོག་ས། གནམ་ཐང་། བཤམས་སྟོན་ཁང་སོགས།
用法:尽量不聚会不聚餐,减少走亲访友,不要去人多的场所。
注意事项:少去空气流动性差的地方,如影院、KTV、商场、车站、机场、展览馆等。