སྤྱི་ཟླ་11པའི་ཚེས་22ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ང་ལྔའི་ཐོག སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་མདོ་རྫོང་གི་ཁོངས་སུ། (བྱང་འཕྲེད་ཚད་ཏུའུ་30.3དང་། ཤར་གཞུང་ཚད་ཏུའུ་101.7ཡི་མཚམས་ཡིན།)ཚད་རིམ་6.3ཅན་གྱི་ས་འགུལ་བྱུང་ཡོད་ཅིང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྟོང་སྨི་18ཡོད་འདུག
དར་མདོ་རྫོང་ཐོག་ཏུ་ཡོད་པའི་སྡོད་དམངས་ཞིག་གིས་གསར་འགོད་པར་གནས་ཚུལ་བཤད་པ་ལྟར་ན། ས་གནས་དེའི་སྡོད་ཁང་དག་ལ་གཡོ་འགུལ་ཐེབས་ནས། ཁྱིམ་གྱི་ཅ་དངོས་མང་པོ་ས་ལ་ལྷུང་བ་དང་། ཉེ་འཁོར་དུ་ཁང་བ་སོགས་བརྡིབས་ཡོད་པའི་གནས་ཚུལ་ཡོད་འདུག་ཅེས་བཤད། ས་འགུལ་བྱུང་བའི་སྐབས་སུ། ཁྲེན་ཏུའུ་དང་གཡག་རྔ་སོགས་མཐའ་འཁོར་གྱི་གྲོང་ཁྱེར་དག་གི་སྡོད་དམངས་ལ་ས་འགུལ་བྱུང་བའི་ཚོར་སྣང་ཡོད་འདུག །