ཡུལ་མི་སྤུན་ཟླ་རྣམས་ལ་ཡང་བསྐྱར་བསྐུར་བའི་གཏམ་ཉི་མའི་ཟེར་ཕྲེང་།

རྟའུ་ཟླ་བ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04


ཀ་བ་གདུང་ལྕམ་འཛོམས་པའི་ཁང་བཟང་དུ་བསྡད་ནས། །

ཁ་ཁོག་མཚུངས་པའི་ཁ་བརྡ་མང་པོ་ཞིག་བསྐུར་བས། །

ག་ས་གང་དུ་ཡོད་པའི་ཕ་ཡུལ་གྱི་མི་ཚོས། །

ང་ལ་འཚམས་འདྲི་ཞུ་བའི་ཁ་པར་ཡང་ཐོན་བྱུང་། །

ཏ་རེན་ཚོ་ལ་ངོ་སྲུང་བྱེད་བྱེད་ནི་མིན་ཏེ། །

ཐ་ཆད་ནད་འདིས་འུ་ཅག་སྡུག་བསྔལ་ལ་སྦྱར་བས། །

ད་དུང་མུ་མཐུད་འབོད་སྐུལ་མང་པོ་ཞིག་མེད་ན། །

ན་ཆུང་དེ་ཚོ་འགྲོ་གྲངས་ཇེ་མང་དུ་འགྲོ་སྲིད། །

པ་པ་ཁྱོད་ཚོས་བཟའ་ཚང་དོ་དམ་རེ་གནང་རོགས། །

ཕ་བུ་མ་བུ་ཚང་མ་ལྷན་གཅིག་ཏུ་སྡོད་རོགས། །

བ་ལུ་བེའུ་འཁྱོག་ལྟ་བུ་ཕྱོགས་ཀུན་ཏུ་སོང་ན། །

མ་གིའི་ནད་ངན་རག་རྒྱུ་བརྒྱ་ཆ་ནི་བརྒྱ་རེད། །

ཙ་ཀོ་ར་ཡིས་ཐན་སྐད་སྒྲོག་སྒྲོག་ནི་མིན་ཏེ། །

ཚ་ཚ་འུར་འུར་སྒྲོག་འགྲེལ་ཡག་པོ་དེ་མེད་ན། །

ཛ་དྲག་ཆེ་བའི་ནད་ངན་ཤིན་ཏུ་ནི་བཙོག་པས། །

ལྦ་མོ་ལྟ་བུ་འགྲོ་ཚེ་འགྲོ་ས་ཞིག་མེད་དོ། །

ཞ་ཉེ་འབུག་གིས་ཀོ་བར་མི་ཐུབ་པ་ཇི་བཞིན། །

ཟ་མ་བཟང་པོ་ཙམ་གྱིས་ནད་རིམས་འདི་མི་ཁོག །

འ་འུར་གནས་སྐོར་ཙམ་གྱིས་ནད་དུག་འདི་མི་སོད། །

ཡ་ཡ་གོ་གོ་ཙམ་གྱིས་འཇིགས་པ་འདི་མི་སེལ། །

ར་ལུག་ཚྭ་ལ་རྔམ་འདྲ་རང་ཁྱིམ་དུ་འཁོར་སྡོད། །

ལ་བཤད་ལུང་བཤད་མང་པོར་མགོ་བོ་དེ་འཁོར་སྡོད། །

ཤ་མར་ཐུད་གསུམ་གང་ཡོད་ཉིན་རེ་བཞིན་ཟོ་སྡོད། །

ས་སྟེང་འཚོ་བའི་བདེ་སྐྱིད་སེམས་ནང་ནས་སོམས་སྡོད། །

ཧ་བོ་འདི་ཚོར་རྒྱུ་མཚན་མེད་གི་འདྲ་བསམ་ན། །

ཨ་ཁུ་རྒད་པོར་ལམ་སང་ཁ་པར་རེ་རྒྱོབ་ཤོག །


རྩོམ་ཡིག་སྔོན་མ།
རྟའུ་ལ་ཕུལ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1