ཝུའུ་ཧན་གྱི་སྨན་པ་ཚོར་བདེ་ཆེན་གྱིས་ཉལ་འབུའི་དབྱར་རྩྭ་ཕྱེ་མ་སྒམ་2000ཞལ་འདེབས་ཕུལ་ཡོད།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-11
ཉེ་ཆར་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་བཅོས་མི་སྣ་ལ་ཞལ་འདེབས་ཕུལ་བའི་ཉལ་འབུའི་དབྱར་རྩྭ་ཕྱེ་མ་སྒམ་2000ཝུའུ་ཧན་དུ་འབྱོར་བ་དང་། གོས་དཀར་ལྷ་རྗེ་ཚོའི་རིམས་འགོག་ནུས་སྟོབས་ཆེར་བསྐྱེད་དང་ལུས་པོའི་ངལ་དུབ་སེལ་བར་ཕན་པ་ཡོད།
ཉལ་འབུའི་དབྱར་རྩྭ་ནི་དབྱར་རྩྭ་དགུན་འབུའི་རིགས་ཤིག་ཡིན་པ་དང་། དེ་ལ་བྱང་གི་དབྱར་རྩྭ་དགུན་འབུ་ཡང་ཟེར། རིམས་ནད་ཤུགས་རྐྱེན་ཐེབས་པའི་དབང་གིས། ཧྥེང་ཞུའུ་ལན་གྱི་ཀུང་སིའི་ལས་མི་མ་འདང་བས། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རྒན་པ་དག་རོགས་བྱེད་པར་ཡོང་ནས། ཉལ་འབུའི་དབྱར་རྩྭ་ཕྱེ་མ་སྒམ་2000ཐུམ་རྒྱག་པ་དང་སྐྱེལ་འདྲེན་གྱི་ལས་ཀར་ཞུགས་ཡོད།
ཞལ་འདེབས་འབུལ་བའི་གོ་རིམ་ཁྲོད་དུ། ཉལ་འབུའི་དབྱར་རྩྭ་ཕྱེ་མ་སྐྱེལ་འདྲེན་ཐད་དཀའ་ངལ་འཕྲད་པ་དང་། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དགེ་ལས་སྤྱི་ཁྱབ་ཚོགས་པས་རོགས་རམ་བྱས་པ་དང་། ཁུན་མིང་གྲོང་ཁྱེར་དགེ་ལས་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཞུའུ་ཅ་ཞུན་གྱིས། “བརྩེ་སེམས་མཚོན་བྱའི་དངོས་རྫས་ཝུའུ་ཧན་དུ་འབྱོར་རྗེས། ང་ཚོས་ཝུའུ་ཧན་གྲོང་ཁྱེར་གྱི་དགེ་ལས་སྤྱི་ཁྱབ་ཚོགས་པ་དང་མཐུན་འགྲིག་བྱས་ནས། དངོས་རྫས་སྤྲོད་པ་དང་སྐྱེལ་འདྲེན་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་། དཀའ་སྤྱད་འབད་བརྩོན་བྱེད་བཞིན་པའི་སྨན་དོན་མི་སྣ་དག་ལ་བརྩེ་སེམས་ཟབ་མོ་འདི་དངོས་སུ་མྱོང་ཐུབ་པར་འཇུག་རྒྱུ་ཡིན་”ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། ཝུའུ་ཧན་གྲོང་ཁྱེར་མི་དམངས་སྨན་ཁང་ཨང་གཉིས་པ་(ཝུའུ་ཧན་གྲོང་ཁྱེར་ལྟེ་གནས་སྨན་ཁང་)མཁའ་འགྲུལ་སྤྱི་ཁྱབ་སྨན་ཁང་། ཝུའུ་ཧན་གྲོང་ཁྱེར་མི་དམངས་སྨན་ཁང་ཨང་དྲུག་པ། ཝུའུ་ཧན་གྲོང་ཁྱེར་མི་དམངས་སྨན་ཁང་ཨང་བཅུ་གཅིག་པ་སོགས་ཏོག་གསར་ནད་དུག་ཆེད་གཏོགས་སྨན་ཁང་བཞི་རུ་ཉིན་མཚན་གཉིས་ཀར་དཀའ་སྤྱད་འབད་བརྩོན་བྱེད་བཞིན་པའི་གོས་དཀར་ལྷ་་རྗེ་དག་ལ་ཡུན་ནན་བོད་ཁུལ་གྱི་བརྩེ་སེམས་མཚོན་བྱའི་དངོས་རྫས་སྤྲོད་རྒྱུ་ཡིན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1