རྟའུ་རྫོང་ནས་སྨན་པ་53གྱིས་ལས་དོན་འགྲུབ་ནས་ཕྱིར་ལོག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-12


        དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོ་ནས་རྟའུ་རྫོང་དུ་ནད་དུག་འགོག་བཅོས་བྱེད་པར་ཕེབས་པའི་སྨན་བཅོས་མི་སྣ་ལྔ་བཅུ་ང་གསུམ་ཕྱིར་འཐེན་བྱས་ཏེ། ལས་ཁུངས་སོ་སོར་ལོག་པ་རེད།  ཁྱེད་ཚོ་འོ་བརྒྱལ་ཆེ་ཐལ། བཀའ་དྲིན་ཆེ་ཞུ།

     ཟླ3པའི་ཚེས11ཉིན། རྟའུ་རྫོང་དུ་ནད་དུག་འགོག་བཅོས་བྱེད་པར་ཕེབས་པའི་སྨན་བཅོས་མི་སྣ་ཚོ་སྐྱེལ་བའི་མཛད་སྒོ་དེ་རྟའུ་རྫོང་ཁྲིམས་སྐྱོང་ཐང་ཆེན་དུ་སྤེལ་བ་རེད། དར་དཀར་པོ་རེ་རེ་དང་སྨོན་ཚིག་རེ་རེས་གུས་འདུད་མཚོན། མཛད་སྒོ་ཐོག་ལ་ལའོ་ཀྲེན་ཧྭ་དང་བྱམས་བློ། ཆིའུ་ཤའོ་ལིང་། ཁྲེང་ཅིང་། ཀའོ་ཀྲང་སོགས་ཁུལ་གྱི་འགོ་ཁྲིད་དང་། རྟའུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་རྣམས་སྐྱེལ་སར་ཕེབས་པ་རེད།

ཁྱེད་ཚོ་འོ་བརྒྱལ་ཆེ་ཐལ།བཀའ་དྲིན་ཆེ་ཞུ།

     ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ནད་དུག་འགོག་བཅོས་བཀོད་འདོམས་པུའུ་ཡི་པུའུ་ཀྲང་ལའོ་ཀྲེན་ཧྭ་ཡིས་གསུང་བཤད་གནང་། ཁོང་གིས་ཁུལ་ཨུའི་བཀའ་ལྟར་རྫོང་ཁག་སོ་སོའི་སྨན་བཅོས་མི་སྣ་ཚོ་དུས་ཐོག་ཏུ་ནད་དུག་འགོག་བཅོས་བྱེད་པར་ཕེབས་པས་མ་ཚད། བྱས་རྗེས་ཆེན་པོ་བཞག་སོང་། ཁྱེད་ཚོ་ལས་ཁུངས་སོ་སོར་ཕེབས་རྗེས་ལས་འགན་དང་དུ་བླངས་ནས་སྨན་བཅོས་སྤུས་ཚད་མཐོ་རུ་གཏོང་བ་དང་མི་དམངས་ཚོའི་བདེ་ཐང་གི་ཆེད་དུ་དེ་ལས་ཆེ་བའི་བྱས་རྗེས་འཇོག་དགོས་ཞེས་གསུངས།

ཁྱེད་ཚོ་འོ་བརྒྱལ་ཆེ་ཐལ།བཀའ་དྲིན་ཆེ་ཞུ།

     རྟའུ་རྫོང་ཨུའི་ཧྲུའུ་ཅི་ཕུའུ་ཡའོ་ཧྥུང་གིས་རྟའུ་རྫོང་གི་མི་དམངས་ཚོའི་ཚབ་བྱས་ནས་ཚང་མ་ལ་བཀའ་དྲིན་ཆེ་ཞུས་པ་རེད། ཁོང་གིས་སྨན་བཅོས་མི་སྣ་ཚོས་ནད་དུག་འགོག་བཅོས་བྱེད་པར་འབད་པ་ལྷུར་ལེན་བྱས་པས་ནད་དུག་གང་སར་མི་འགོས་པ་དང་ནད་པར་སྨན་བཅོས་བྱས་ཏེ་གྲུབ་འབྲས་བླ་ན་མེད་པ་ཐོབ་སོང་ཞེས་གསུངས།

ཁྱེད་ཚོ་འོ་བརྒྱལ་ཆེ་ཐལ།བཀའ་དྲིན་ཆེ་ཞུ།

     མཛད་སྒོ་ཚར་རྗེས་རྟའུ་རྫོང་གིས་གུས་ལུགས་ཆེན་པོའི་སྒོ་ནས་ཉིན་ཉེར་བརྒྱད་རིང་ལ་ནད་དུག་འགོག་བཅོས་བྱས་པའི་རྫོང་ཁག་སོ་སོའི་སྨན་བཅོས་མི་སྣ་ཚོ་བསྐྱལ་བ་རེད།  སྨོན་ཚིག་རེ་རེ་དང་མངགས་བཅོལ་རེ་རེ་ནི་གཤིས་ཆུ་ལྟར་དྭངས་ཤིང་གཙང་ལ་རྒྱུན་ཆད་མེད།

ཁྱེད་ཚོ་འོ་བརྒྱལ་ཆེ་ཐལ།བཀའ་དྲིན་ཆེ་ཞུ།

        མི་སེར་ཚོས་སྒེའུ་ཁུང་ནས་ལག་གཡུག་བྱས་ཏེ་བཀའ་དྲིན་ཆེ། ཁྱེད་ཚོ་ཡོད་པས། ང་ཚོ་ལ་སེམས་ཁྲལ་མེད། ཅེས་འབོད།

ཁྱེད་ཚོ་འོ་བརྒྱལ་ཆེ་ཐལ།བཀའ་དྲིན་ཆེ་ཞུ།

     ཟླ2པའི་ཚེས12ཉིན་འབའ་ཐང་རྫོང་དང་ལི་ཐང་རྫོང་། ཉག་ཆུ་རྫོང་། ཕྱག་ཕྲེང་རྫོང་། ལྕགས་ཟམ་རྫོང་། རོང་བྲག་རྫོང་། བརྒྱད་ཟིལ་རྫོང་། ཉག་རོང་རྫོང་། དཔལ་ཡུལ་རྫོང་། སྡེ་དགེ་རྫོང་། སེར་ཤུལ་རྫོང་། བྲག་མགོ་རྫོང་། དཀར་མཛེས་རྫོང་བཅས་རྫོང་ཁག་བཅུ་གསུམ་ནས་སྨན་བཅོས་མི་སྣ53རྟའུ་རྫོང་དུ་ཕེབས་ཏེ་ཉིན28རིང་ལ་དཀའ་ངལ་ལ་མ་འཛེམས་ནས་ནད་དུག་འགོག་བཅོས་བྱེད་པར་འབད་པ་རེད


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1