སྤྱི་ཚེས་11ཉིན་ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱི་ཀྲུའུ་རེན་ལུའོ་པོ་ཐེ·ལེ་ཏེ་ཧྥེར་ཏེས་ཨ་རིར་ཏོག་གསར་གློ་ཚད་ཕོག་ནས་ཤི་བའི་ནད་པ་ཆམ་རིམས་ལས་ཤི་བའི་ནད་པར་གོ་ནོར་ཐེབས་པའི་གནས་ཚུལ་འདུག་ཅེས་བཤད་ཡོད།
ལེ་ཏེ་ཧྥེར་ཏེ་ཉིན་དེར་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མར་ཏོག་གསར་གློ་ཚད་རིམས་ནད་གནས་ཚུལ་སྐོར་གྱི་ཁུངས་སྐྱེལ་དག་འབུད་ཚོགས་འདུར་ཞུགས་སྐབས། གྲོས་མི་ཞིག་གིས་ཁོང་ལ་ཨ་རིར་ཆམ་རིམས་ཕོག་ནས་ཤི་བ་འདྲ་ཡང་དོན་དངོས་སུ་ཏོག་གསར་གློ་ཚད་ཕོག་ནས་ཤི་བ་ཡིན་པའི་གནས་ཚུལ་བྱུང་ཡོད་མེད་སྐོར་དྲིས་པ་རེད།
ལེ་ཏེ་ཧྥེར་ཏེ་ཡིས་ལན་དུ་མིག་སྔའི་བར་ཨ་རིར་ནད་པ་ཁ་ཤས་ཤིག་དངོས་གནས་དེ་ལྟར་བརྟག་དཔྱད་བྱས་པ་འདུག་ཅེས་བཤད་ཡོད།
ཨ་རིའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ཟླ་2པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་མངོན་པ་ལྟར་ན། ད་ལོའི་དགུན་དུས་ཀྱི་ཆམ་རིམས་དུས་ཚིགས་སུ་ཨ་རིར་ཉུང་མཐར་ཡང་ཆམ་རིམས་ཕོག་པའི་ནད་པ་ཁྲི་3200ཡོད་པ་དང་། དེ་ལས་མི་ཁྲི་1.8ནི་ཆམ་རིམས་ཀྱི་འབྲེལ་ཡོད་ནད་ཡམས་རྐྱེན་གྱིས་ཚེ་ལས་འདས་པ་རེད།