བོད་ལྗོངས་ཀྱི་བོད་ཡིག་གནའ་གཞུང་རྩ་ཆེན་སྐོར་ཞིག་ཉེ་དུས་དྲ་ཐོག་ནས་དཔེ་ཀློག་བྱེད་ཐུབ་རྩིས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-16



         གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱིས་གནའ་གཞུང་གི་ཚད་ལྡན་ཡིག་ཆ་པོད6000ཙམ་ཡོངས་བཤེར་ཐོ་འགོད་བྱས་པའི་གྲངས་གཞི་ལེགས་སྒྲིག་ཡིག་ཚགས་ནང་བཅུག་ནས6TBཙམ་གྱི་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་གྲངས་གཞིའི་མཛོད་སྐྲུན་པ་དང་གནའ་གཞུང་གི་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་གྱི་སྲུང་སྐྱོང་བེད་སྤྱོད་ལ་སྔར་བས་སྐུལ་འདེད་མགྱོགས་མྱུར་བཏང་ཡོད་པ་རེད།

         བོད་ལྗོངས་ཀྱི་གནའ་དཔེ་ཡོངས་བཤེར་ལས་དོན་མི་སྣས་འཛམ་གླིང་ཤུལ་བཞག་རིག་གནས་ནོར་བུ་གླིང་ཁ་རུ་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་སྤེལ་བཞིན་པ།
         འབྲེལ་ཡོད་ཆེད་མཁས་པས་ཚོད་རྩིས་བྱས་པ་ལྟར་ན། མིག་སྔར་རང་རྒྱལ་དུ་བོད་ཡིག་གནའ་གཞུང་དང་ཚད་ལྡན་ཡིག་ཆ་བསྡོམས་པས་ཁྲི་བཅུ་ཕྲག་ཡན་ཉར་ཚགས་བྱས་ཡོད་ལ། དེའི་ཁྲོད་བཅུ་ཆ་ལྔ་ཡི་ཡན་བོད་ལྗོངས་མངའ་ཁོངས་ཀྱི་ཕོ་བྲང་པོ་ཏ་ལ་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ཡིག་ཚགས་ཁང་སོགས་གཙོ་གནད་སྲུང་སྐྱོང་སྡེ་ཚན་དུ་ཉར་ཚགས་བྱས་ཡོད་པ་དང་། ལྗོངས་ཡོངས་ཀྱི་རྫོང་དང་ཆུས74ཡི་དགོན་སྡེ1300ལྷག་ཏུ་ཆ་སྙོམས་སུ་ཉར་ཚགས་བྱས་ཡོད་པ་རེད།
         འདས་ཟིན་པའི་ལོ་གཅིག་གི་རིང་བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ཀྱིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་དང་མཉམ་དུ་གནའ་གཞུང་པོད1256དང་དཔེ་རྙིང་པོད884ལ་ཡོངས་བཤེར་ཐོ་འགོད་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། ནོར་བུ་གླིང་ཁ་བཅས་བསྡོམས་པས་གནའ་གཞུང་དང་ཚད་ལྡན་ཡིག་ཆའི་ཡོངས་བཤེར་གྲངས་གཞི་པོད3445ཕྱོགས་བསྡོམས་དང་། ལེགས་སྒྲིག ཕབ་འཇུག་བཅས་བྱས་ཡོད། གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་གྱི་དཔེ་རྙིང་པོད1188ཡོངས་བཤེར་ལེགས་འགྲུབ་བྱུང་བ་དང་། གཏོར་སྐྱོན་ཕོག་པའི་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་ལྡེབ་མ532ཉམས་གསོ་བྱེད་པའི་ལས་དོན་ལེགས་འགྲུབ་བྱས་པ་རེད།

         བོད་ཀྱི་གནའ་དཔེ་ཡོངས་བཤེར་ལས་དོན་མི་སྣས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་སྤེལ་བཞིན་པ།
         གཞན་ཡང་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རྩ་ཆེན་དེ་དག་གསོན་ཉམས་ལྡན་པར་ཡོང་ཆེད། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་ལོ་མང་པོའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་པོད167ཡི་ལྡེབ་མ24126དང་། བསྡོམས་གྲངས5.94TBཡི་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རྩ་ཆེན་གྱི་གཞི་གྲངས་ཅན་གྱི་གྲངས་གཞིའི་མཛོད་འཛུགས་སྐྲུན་བྱས་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས་བཤད་རྒྱུར། “བོད་ཡིག་དཔེ་རྙིང་གྲངས་འཛིན་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་མིག་སྔའི་དཔེ་རྙིང་དང་ཚད་ལྡན་ཡིག་ཚང‘ཉར་ཚགས་ལ་མཐོང་ཆེན་དང་བེད་སྤྱོད་སྟབས་བདེ’བྱེད་པའི་རྣམ་པར་སྒྱུར་ཆེད། འཆར་གཞི་ལྟར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་བོད་ཡིག་དཔེ་རྙིང་རྩ་ཆེན་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་གྲངས་གཞིའི་མཛོད་དེ་ཉེ་དུས་སྐྲུན་ཟིན་པ་དང་འབྲེལ་ཀློག་པ་པོ་དང་དྲ་ཐོག་ནས་ངོ་འཕྲད་བྱ་ཆེད། དུས་དེར་སྤྱི་ཚོགས་ཐོག་གི་མང་ཚོགས་ཀྱིས་གྲངས་འཛིན་ཅན་གྱི་དཔེ་རྙིང་ལྟ་ཀློག་གི་དགོས་མཁོ་སྔར་ལས་ལེགས་པོའི་སྒོ་ནས་སྐོང་ཐུབ་ཟེར།

         བོད་ལྗོངས་ཀྱི་དཔེ་རྙིང་ཡོངས་བཤེར་ལས་དོན་མི་སྣས་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ཡོངས་བཤེར་ཐོ་འགོད་ལས་དོན་སྤེལ་བཞིན་པ།
         གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔའི་བར་བོད་ལྗོངས་ཀྱིས་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་པོད18000ལྷག་ལ་ཡོངས་བཤེར་ཐོ་འགོད་བྱས་པ་དང་། དཔེ་རྙིང་པོད291《རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང》ནང་བཅུག་སྟེ། 《གངས་ལྗོངས་ནོར་མཛོད》སོགས་བོད་ཡིག་དཔེ་རྙིང་ཡོངས་བཤེར་སྲུང་སྐྱོང་གྲུབ་འབྲས་ཀྱི་དཔེ་ཚོགས་བཅུ་རྩོམ་སྒྲིག་དཔེ་སྐྲུན་བྱས། རིམ་རྩིས་བྱས་པ་ལྟར་ན་ལྡེབ་མ3000ཙམ་ཟིན་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ཉམས་གསོ་བྱས་ནས་གཞི་རིམ་གྱི་དཔེ་རྙིང་ཉར་ཚགས་ལས་ཁུངས14ཡི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་རྣམ་གྲངས་ལེགས་འགྲུབ་བྱས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1