ཟླ་3ཚེས་15ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་ཡས་མས་སུ། ཧུང་ཡོན་རྫོང་ནགས་ཚལ་ཉེན་རྟོག་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཨ་འཛི་ལྷུན་གྲུབ་ཀྱིས། རིམས་འགོག་ས་ཚིགས་སུ་མཚན་གང་བོར་མེལ་ཚེ་བྱས་ཤིང་། ངལ་བས་རབ་ཏུ་དུབ་པས་ན་བའི་སྡུག་བསྔལ་བཟོད་གླགས་མེད་པ་མྱངས་སྟེ། མངག་གཏོང་ཁང་གི་ལས་སྒྲུབ་གྲ་སྒྲིག་ཁང་དུ་ཚེའི་འཕེན་པ་རྫོགས་སོང་། ད་ལོར་ཕོ་ལོ་སུམ་ཅུར་བུད་མ་ཐག་ཡིན།
ཨ་འཛི་ལྷུན་གྲུབ། ཕོ། བོད་རིགས། སི་ཁྲོན་ཧུང་ཡོན་རྫོང་གི་ཡིན།གུང་ཁྲན་ཏང་ཡོན། སྤྱི་ལོ་1989ལོའི་ཟླ8པར་སྐྱེས་ཤིང་། ད་ལྟ་ལོ་སུམ་ཅུ་ཡིན། སྤྱི་ལོ་2009ལོའི་ཟླ་2པར་བྱ་བར་ཞུགས། སྤྱི་ལོ་2014ལོའི་ཟླ7པར། ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ད་ལྟ། ཧུང་ཡོན་རྫོང་ནགས་ཚལ་ཉེན་རྟོག་ཅུས་ཀྱི་ལྷ་རྒྱལ་གླིང་གི་མངག་གཏོང་ཁང་གི་འགོ་བ་ཡིན།
ཨ་འཛི་ལྷུན་གྲུབ་ཀྱིས་ལྷ་རྒྱལ་གླིང་གི་རིམས་འགོག་ས་ཚིགས་སུ། འགྲོ་འོང་གི་རླངས་འཁོར་ཆེ་མ་ཆུང་གསུམ་ལ་ཞིབ་བཤེར་བྱེད་སྐབས་བླངས་པའི་འདྲ་པར།
ཨ་འཛི་ལྷུན་གྲུབ་(གཡས་ཀྱི་དང་པོ)དང་ཁོའི་འཐབ་རོགས་གཉིས་ཀྱིས། ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་གྲང་ངར་རྒྱབ་ཏུ་དོར་ནས། ལྷ་རྒྱལ་གླིང་གི་རིམས་འགོག་ས་ཚིགས་སུ་རིམས་འགོག་གི་ལས་དོན་སྒྲུབ་བཞིན་པའི་ཡུལ་དངོས།
ཟླ་2ཚེས་17ཉིན། ཨ་འཛི་ལྷུན་གྲུབ་(གཡས་ཀྱི་དང་པོ)ཀྱིས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ། སྡེ་བ་སོ་སོར་ནགས་སྲུང་དང་མེ་འགོག་གི་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་བྱེད་བཞིན་པའི་ཡུལ་དངོས།
ཨ་འཛི་ལྷུན་གྲུབ་(གཡོན་གྱི་དང་པོ)དང་ཁོང་གི་འཐབ་རོགས་རྣམས་ཀྱིས་རྟ་བཞོན་ནས་རི་སྐོར་ལ་འགྲོ་བཞིན་པའི་ཡུལ་དངོས།