ཟླ་3ཚེས་17ཉིན། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཁོངས་གཏོགས་ཀྱི་ཁྲག་སྦྱིན་གཏོང་མཁན་དང་བླངས་པས་ཁྲག་སྒྲུབ་རླངས་འཁོར་འགྲམ་དུ་བང་སྒྲིག་བཞིན་ཡོད་པ། ཉིན་དེར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལས་བཟོ་18ཀྱིས་ལྷ་སར་ཁྲག་སྦྱིན་གཏོང་བའི་བྱེད་སྒོར་ཞུགས་པ་རེད། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཁྲག་སྦྱིན་གཏོང་བའི་བྱེད་སྒོ་སྤེལ་བས་ཁོངས་གཏོགས་ཡོངས་ཀྱི་ལས་བྱེད་ལས་བཟོ་བརྒྱ་ལྷག་ཙམ་གྱིས་རིམ་པ་བགོས་ནས་དང་བླངས་ངང་ཁྲག་སྦྱིན་བཏང་བ་དང་། བྱ་སྤྱོད་ཀྱི་ཐོག་ནས་བྱམས་སེམས་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱས་པ་རེད།