ལྕགས་གད་ཤང་ཞག་ལུང་སྡེ་བ་ནི་དར་རྩེ་མདོ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་། དར་རྩེ་མདོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་108དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ཙམ་ཡོད། སྡེ་བ་འདི་ནི་སྔོན་ཆད་དར་རྩེ་མདོ་གྲོང་ཁྱེར་གྱི་ས་བབ་མཐོ་བའི་གྲོང་ཚོ་དབུལ་པོའི་གྲས་ཤིག་ཡིན་ལ་ལྕགས་གད་ཤང་དང་ཁ་ཐག་རིང་ཤོས་ཀྱི་སྡེ་བ་ཞིག་རེད།
ཨ་ཁུ་ཐུབ་བསྟན་ནོར་བས་བཤད་པ་ལྟར། ད་ཆ་ལྕགས་གད་ཤང་ཞག་ལུང་སྡེ་བ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་སྡེ་བའི་འགོ་ཁྲིད་པ་དང་གློ་རྡུལ་ཚན་རྩལ་སློབ་གླིང་གི་སྣེ་ཁྲིད་འོག སྡེ་བའི་མཉམ་ལས་ཁང་དུ་ལས་ཀ་གཉེར་མཁན་དང་། ཁྱིམ་ཚང་མགྲོན་ཁང་གཉེར་མཁན་ཧ་ཅང་མང་པོ་འདུག
ཞག་ལུང་སྡེ་བ་འདིར་ཡིད་དུ་འོང་བའི་མཛེས་ལྗོངས་གངས་དཀར་རི་བོ་དང་ཞག་ལུང་རུས་འགྱུར་གྲམ་པ་སོགས་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། སྔོན་གྱི་ནས་དང་ཞོག་ཁོག་སོགས་སྲོལ་རྒྱུན་གྱི་ལོ་ཏོག་འདེབས་འཛུགས་དང་འབྲི་གཡག་གསོ་ཚགས་གཙོ་བོར་བྱེད་པ་ནས། ད་ཆ་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་བཏོད་དེ། དམངས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། སྡེ་བ་ཡོངས་ལ་ཁྱོན་དུད་ཚང་70དང་མི་གྲངས་375ཡོད་པ་དང་གྲོང་ཚོ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་1529ལྷག ནགས་ཚལ་རྒྱ་ཁྱོན་མུའུ་18771ཡོད་པ་རེད། དཔལ་འབྱོར་གྱི་ཡོང་འབབ་གཙོ་བོ་ནི་མིག་སྔར་ཞག་ལུང་གྲོང་ཚོའི་སྡེ་དམངས་ཀྱི་ཁྱིམ་ཚང་མགྲོན་ཁང་གཉེར་མཁན 20ཙམ་ཡིན་པ་རེད།