ལིའང་ཧྲན་ཁུལ་མུ་ལི་རྫོང་ལ་མེ་སྐྱོན་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 03-31




    ཟླ་3པའི་ཚེས་28ཉིན།  ལིའང་ཧྲན་ཁུལ་མུ་ལི་རྫོང་དུ་ནགས་ཚལ་ལ་མེ་སྐྱོན་ཤོར་བ་རེད།
    ཟླ་3པའི་ཚེས་29ཉིན་གྱི་སྔ་དྲོར།  སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་མཁོ་བསྟུན་ཐིང་མཁོ་བསྟུན་མཛུབ་སྟོན་ལྟེ་གནས་སུ་བརྙན་ལམ་བཀོད་འདོམས་ཚོགས་འདུ་འཚོགས་ཤིང་།  ལིའང་ཧྲན་ཁུལ་གྱི་ནགས་ཚལ་མེ་སྐྱོན་ཐད་མེ་གསོད་མི་སྐྱོབ་ཀྱི་ལས་ཀ་ལ་བཀོད་འདོམས་བྱས།  ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་།  ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་རྣམས་ཀྱང་བཀོད་འདོམས་ཀྱི་ལས་ལ་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མེ་སྐྱོན་ཐོན་རྗེས་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱིས་ནགས་ཚལ་མེ་ཟོན་དང་། ས་གནས་ཀྱི་ཆེད་ལས་མེ་གསོད་དཔུང་ཁག འཕྲལ་སྒྲུབ་ཡུལ་དམག་བཅས་དང་། དེ་བཞིན་མང་ཚོགས་སོགས་ལས་གྲུབ་པའི་མེ་གསོད་མི་སྣ་1590ལྷག་ཙམ་སྒྲིག་འཛུགས་བྱས་པ་མ་ཟད། ནགས་ཚལ་མེ་ཟོན་ཐད་འཕུར་གནམ་གྲུ་3མེ་གསོད་ལས་དོན་ནང་ཞུགས་སུ་བཅུག་ཡོད་ཅིང་། མེ་གསོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ད་དུང་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་ནགས་ཚལ་མེ་ཟོན་རུ་ཁག་རོགས་སྐྱོར་བྱེད་པར་སྐོང་འཐེན་བྱས་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1