འབྲུ་རིགས་འདང་ངེས་འདུག བློ་སེམས་བདེ་མོར་བཞུགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-07



          ཞིང་ལས་དང་གྲོང་གསེབ་པུའུ་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་ཀྱིས་སྤྱི་ཚེས་4ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་སྒྲིག་གཞིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་བ་དང་། འབྲུ་རིགས་ཀྱི་བདེ་འཇགས་ཐད་འགན་སྲུང་ཡོད་པ། རྒྱལ་ཁབ་འབྲུ་རིགས་ཀྱི་གསོག་འཇོག་འདང་ངེས་ཡོད་པ། འབྲུ་རིགས་ནང་འདྲེན་བྱེད་ཚད་ཉུང་ཉུང་ཡིན་པ། འབྲུ་རིགས་དང་དེ་བཞིན་ཞོར་ཟས་ཀྱི་སྣེ་རིགས་ཁག་འདང་ངེས་ཡོད་ལ་གོང་ཚད་ཀྱང་བརྟན་པོ་ཡོད་པས། ཧབ་ཐོབ་བརྒྱབ་ནས་ཉོ་བ་དང་སྒེར་གྱིས་འབྲུ་རིགས་མང་པོ་གསོག་ཉར་བྱེད་དགོས་དོན་མེད་ཅེས་བསྟན་ཡོད།

          ཞིང་ལས་དང་གྲོང་གསེབ་པུའི་གོང་འཕེལ་འཆར་འགོད་སིའི་སི་ཀྲང་ཝེ་པའེ་ཀང་གིས་ཚོགས་འདུའི་ཐོག  རང་རྒྱལ་འབྲུ་རིགས་ཀྱི་ཐོན་སྐྱེད་ཐད་ལོ་བསྟུད་མར་ལོ་ལེགས་བྱུང་བ་དང་། འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་ཡོད་པ། མི་རེའི་ཆ་སྙོམས་ཀྱི་འབྲུ་རིགས་ཐོབ་ཆ་རྒྱུན་མཐུད་ངང་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ། ལོ་རེར་འབྲུ་རིགས་ནང་འདྲེན་བྱེད་ཚད་ཉུང་ཉུང་ཡིན་པ་དང་། ནང་འདྲེན་བྱེད་པའི་འབྲུ་རིགས་ཀྱིས་རང་རྒྱལ་གྱི་འབྲུ་རིགས་འཛད་སྤྱོད་བྱེད་ཚད་ཀྱི་བརྒྱ་ཆ་2གཡས་གཡོན་ལས་ཟིན་གྱི་མེད་པས། སྒེར་གྱིས་འབྲུ་རིགས་གསོག་ཉར་བྱེད་དགོས་དོན་མེད་ཅེས་བསྟན་ཡོད།

          རིམས་ནད་ཀྱིས་ཤུགས་རྐྱེན་འོག  དཔྱིད་རྨོས་དཔྱིད་འདེབས་ལ་ཡང་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད། ཞིང་ལས་དང་གྲོང་གསེབ་པུའི་འདེབས་འཛུགས་ལས་རིགས་དོ་དམ་སིའི་སི་ཀྲང་ཕན་ཝེན་པོ་ཡིས། སྤྱི་ཟླ་4ཚེས་3ཉིན་བར་སླེབས་དུས། རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་མྱུག་གསོས་ཚད་བརྒྱ་ཆ་80ཡན་ཟིན་ཡོད་པ་དང་། སྔ་སྨིན་འབྲས་མྱུག་འདེབས་འཛུགས་བྱས་ཚད་བརྒྱ་ཆ་40ཡན་ཟིན་པས། མྱུར་ཚད་ན་ནིང་གི་དུས་མཉམ་དང་བསྡུར་ན་མངོན་གསལ་དོད་པོས་མགྱོགས་པ་ཡོད་ཅེས་ངོ་སྤྲོད་གནང་ཡོད།

          ཀྲུང་དབྱང་གི་གྲབས་གསོག་འབྲུ་རིགས་དང་ས་གནས་ཀྱི་གྲབས་གསོག་འབྲུ་རིགས་ནི་མ་མཐའི་ཚད་གཞི་སྲུང་བ་དང་། སྔོན་དཔག་བརྟན་པོ་ཡོང་བ་བྱེད་པ། བདེ་འཇགས་ལ་འགན་ལེན་བཅས་ཀྱི་རྨང་རྡོ་ལྟ་བུ་ཡིན། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་འབྲུ་རིགས་གྲབས་གསོག་སིའི་སི་ཀྲང་ཆིན་ཡུས་ཡུན་གྱིས། རང་རྒྱལ་གྱི་འབྲུ་རིགས་གསོག་འཇོག་འདང་ངེས་ཡོད་པ་དང་། མིག་སྔའི་བར་སླེབས་དུས་ཀྲུང་དབྱང་གྲབས་གསོག་འབྲུ་རིགས་བེད་སྤྱོད་བཏང་མེད་ཅེས་བསྟན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1