ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི«མཚོ་སྔོན་ཞིང་ཆེན་གྱིས་རུལ་སུངས་ལ་ཆད་པ་གཅོད་པ་དང་དེ་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བའི་2013ལོ་ནས2017ལོའི་བྱ་བའི་འཆར་འགོད་ལག་བསྟར་བྱེད་ཐབས།»པར་སྐྲུན་འགྲེམ་སྤེལ་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར།
མཚོ་སྔོན་ནས་སྤེལ་བའི2014ཡིག་ཆ་ཨང6པ།
གྲོང་ཁྱེར་དང་རང་སྐྱོང་ཁུལ་ཏང་ཨུ་སོ་སོ་དང་ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོའི་ཏང་ཙུའུ་དང་ཏང་ཨུ། མི་དམངས་ཚོགས་པ་སོ་སོའི་ཏང་ཙུའུ་བཅས་ལ།
«མཚོ་སྔོན་ཞིང་ཆེན་གྱི་རུལ་སུངས་ལ་ཆད་པ་གཅོད་པ་དང་དེ་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བའི2013ལོ་ནས2017ལོའི་བྱ་བའི་འཆར་འགོད་ལག་བསྟར་བྱེད་ཐབས»ལ་ཞིང་ཆེན་ཏང་ཨུས་འཐད་པ་བྱུང་སྟེ་ད་ལྟ་ཁྱེད་ཚོར་པར་སྐྲུན་འགྲེམ་སྤེལ་བྱས་པས་ནན་ཏན་གྱིས་ལག་བསྟར་བྱ་དགོས།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ནས།
2014ལོའི་ཟླ4བའི་ཚེས1ཉིན།
མཚོ་སྔོན་ཞིང་ཆེན་གྱི«རུང་སུངས་ལ་ཆད་པ་གཅོད་པ་དང་དེ་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བའི2013ལོ་ནས2017ལོའི་བྱ་བའི་འཆར་འགོད»ལག་བསྟར་བྱེད་ཐབས།
ཀྲུང་གུང་ཀྲུང་དབྱང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི«རུལ་སུངས་ལ་ཆད་པ་གཅོད་པ་དང་དེ་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བའི2013ལོ་ནས2017ལོའི་བྱ་བའི་འཆར་འགོད»ནན་ཏན་གྱིས་ལག་བསྟར་བྱས་ཏེ། རང་ཞིང་རུལ་སུངས་ལ་ཆད་པ་གཅོད་པ་དང་དེ་སྔོན་འགོག་བྱེད་པའི་མ་ལག་འཛུགས་པའི་བྱ་བ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ལག་བསྟར་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།
དང་པོ། མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན།
རུལ་སུངས་ལ་ཆད་པ་གཅོད་པ་དང་དེ་སྔོན་འགོག་བྱེད་པའི་མ་ལག་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་དང་སྤྱི་ཚོགས་ཡོངས་ཀྱི་འགན་འཁྲི་ཞིག་ཀྱང་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་བཀོད་སྒྲིག་གསར་བ་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་གཏིང་ཟབ་སྒོས་བཅོས་བསྒྱུར། ཧུར་བརྩོན་གྱིས“ཁུལ་གསུམ”འཛུགས་སྐྲུན་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་འཐབ་ཇུས་ལས་འགན་ཞིག་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་བཅངས་པའི་རེ་སྒུག་གསར་བ་ཞིག་ཀྱང་ཡིན་པས། རུལ་སུངས་ལ་ཆད་པ་གཅོད་པ་དང་དེ་སྔོན་འགོག་བྱེད་པར་མ་ལག་འཛུགས་པའི་ཐད་བླང་བྱ་སྔར་ལས་གསལ་བོ་བཏོན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་དུས་དང་རྣམ་པ་ཀུན་ཏུ་ཏང་གིས་ཏང་ལ་དོ་དམ་དང་གཟབ་ནན་གྱིས་ཏང་སྐྱོང་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱས་ནས། ཆད་གཅོད་དང་སྔོན་འགོག་གཉིས་མཉམ་དུ་དམ་པོར་འཛིན་པ་དང་རང་ཉིད་ཀྱི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ངེས་པ་དོན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་དུ་གཏིང་ཟབ་སྒོས་སྤེལ་དགོས།
རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ན། ཏིན་ཞོ་ཕིན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུམ་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ཏང་གི་སྒྲིག་ཡིག་གི་བླང་བྱ་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་བཞག་རླབས་ཆེན་དང་། ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བཟོ་འགོད་གསར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་བཀོད་སྒྲིག་དང་བླང་བྱར་དམ་པོར་དམིགས་ཏེ། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་སྔོན་འགོག་མཉམ་དུ་འཛིན་པ། སྔོན་འགོག་ལ་དོ་སྣང་བྱེད་པ་བཅས་ཀྱིས་བཅོས་སྒྱུར་སྙིང་སྟོབས་ལ་བརྟེན་ནས་རུལ་སུངས་ལ་རྒོལ་བའི་སྒྲིག་སྲོལ་དང་ནང་རྐྱེན་གསར་སྐྲུན་དང་ལམ་ལུགས་འགན་སྲུང་ལ་ཤུགས་སྣོན་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱོད་ཚུལ་བསྒྱུར་བ་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། མཚོ་སྔོན་གྱི་སྲིད་གཙང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་། ལས་བྱེད་པ་སྤྱོད་གཙང་དང་སྲིད་གཞུང་དྭངས་གཙང་། ཆབ་སྲིད་དྭངས་གསལ་ཡོང་བར་འབད་བརྩོན་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་འགྲུབ་པར་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས།
ལོ་ལྔའི་རིང་ལ་ནན་ཏན་གྱིས་བྱ་བ་བསྒྲུབས་པར་བརྟེན་རུལ་སུངས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱས་ལ། མི་དམངས་མང་ཚོགས་ཡིད་ཚིམས་ཤིང་འཕེལ་རྒྱས་ཀྱི་ཐད་ལ་གྲུབ་འབྲས་བླངས་མཐར། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གཏིང་ཟབ་སྒོས་སྤེལ་བ་དང་བསྟུན་ནས“སྤྱོད་ཚུལ་བཞི”ཡི་གནད་དོན་ནུས་ཡོད་ཀྱིས་བཅོས་སྐྱོང་བྱས་ཤིང་། ཏང་གི་སྲོལ་རྒྱུན་བཟང་བོ་དང་སྤྱི་ཚོགས་ཀྱི་དར་སྲོལ་སྔར་ལས་ལེགས་བཅོས་བྱུང་བར་མ་ཟད། རུལ་སུངས་ལ་ཆད་པ་གཅོད་པ་དང་དེ་བཅོས་སྐྱོང་བྱེད་ཤུགས་རྒྱ་ཆེ་རུ་སོང་མཐར། སྒྲིག་ལམ་དང་སྒྲིག་ཁྲིམས་ཀྱིས་སྤྱོད་ཚུལ་རང་གཅུན་དང་ཁྲིམས་ལྟར་བཀོད་འདོམས་བྱེད་པའི་ནུས་པ་འདོན་སྤེལ་དང་། ནན་ཏན་སྒོས་རུལ་སུངས་སྔོན་འགོག་སྔོན་འགོག་བྱེད་པའི་བྱ་བར་སྐུལ་འདེད་བཏང་བས། ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་དང་རུལ་སུངས་འགོག་པའི་ནུས་པ་སྔར་ལས་ཇེ་དྲག་ཏུ་སོང་།
གཉིས་པ། འབད་བརྩོན་སྒོས་ཏང་གི་སྤྱོད་སྟངས་འཛུགས་སྐྲུན་དམ་འཛིན་བྱ་དགོས།
(གཅིག)ཁྲིམས་ལྟར་ནན་ཏན་གྱིས་སྤྱོད་སྟངས་འཛུགས་སྐྲུན་བྱ་བར་ཁག་ཐེག་བྱ་དགོས།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་ཏང་གི་སྒྲིག་ཡིག་ཚད་གཞིར་འཛིན་པ་དང་། ཏང་གི་འདུ་ཤེས་སྲ་བརྟན་དུ་གཏོང་བ། རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་དང་དེ་བརྩི་སྲུང་། ལག་ལེན་དང་སྲུང་སྐྱོང་། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན། དམིགས་བསལ་ཅན་གྱི་དབང་ཆ་དང་སྣང་ཚུལ་ལ་ངོ་རྒོལ། ཏང་རྩ་འཛུགས་ཀྱི་རྩ་དོན་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་ལྟར་བྱ་བ་བསྒྲུབ་ནས་ཏང་གི་ཆབ་སྲིད་ལམ་ལུགས་སྔར་ལས་སྲ་བརྟན་དུ་གཏོང་དགོས་ལ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ཆབ་སྲིད་ལམ་ལུགས་ལྟར“གཏན་འགོག་བཅུ”ཡི་བླང་བྱ་དངོས་འབེབས་ནན་མོ་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་པའི་གཅིག་གྱུར་བཀོད་སྒྲིག་ལྟར་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ངན་གཏན་འགོག་དང་། མི་རིགས་མཐུན་སྒྲིལ་གྱི་སྔོན་བསྐྱོད་ས་ཁུལ་དང་བདེ་འཇགས་ཀྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དམིགས་ཡུལ་དུ་འཛིན་པ། བློ་བརྟན་འགྱུར་མེད་ཀྱིས་ཁ་བྲལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པར་འཐབ་རྩོད་སྒོས། ངེས་པ་དོན་གྱིས་བོད་ཁུལ་གྱི་འཆམ་མཐུན་དང་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཏང་རྩ་འཛུགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་དང་ཏང་སྲོལ་འདུ་ཤེས་ཆེ་རུ་བསྐྱེད་པ། རྩ་འཛུགས་ཀྱི་དོ་དམ། ལམ་ལུགས་ལ་ཤུགས་སྣོན་དང་དངོས་འབེབས། ལག་བསྟར་བཅས་བྱས་ཏེ། མཐའ་གཅིག་ཏུ་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཡོ་བསྲང་བྱ་དགོས་ལ། ནོར་སྲིད་དཔལ་འབྱོར་གྱི་ཐད་ནས་སྔར་ལས་གཟབ་ནན་དང་སྤྱོད་ཚུལ་ཚད་ལྡན་དུ་གཏོང་བ། དུས་རྒྱུན་ཁྱབ་ཁོངས་དང་སྡེ་ཁག ལས་རྐང་གཙོ་བོ་དག་གིས་ནོར་སྲིད་དཔལ་འབྱོར་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ལྐོག་ཟ་དང་ཆེད་དངུལ་གཞན་སྤྱོད་སོགས་ཀྱི་གནད་དོན་འབྱུང་བ་སྔོན་འགོག་བྱ་དགོས་པ་དང་། ཏང་སྲིད་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤྱོད་ཚུལ་སྒྱིད་ལུགས་དང་བྱ་བའི་ལས་ཕྱོད་དམའ་བ་སོགས་ཀྱི་འབུར་ཐོན་གནད་དོན་དུས་ཐོག་དུ་ཐག་གཅོད་བྱ་རྒྱུ་དང་། ལམ་ལུགས་ལག་བསྟར་ལྟ་སྐུལ་ནན་མོ་དང་ཏང་གི་སྒྲིག་ལུགས་དང་འགལ་བའི་བྱ་སྤྱོད་གཟབ་ནན་གྱིས་ཐག་གཅོད་པར་གྲུབ་འབྲས་ཡོད་པར་བྱ་དགོས།
(གཉིས)འབད་བརྩོན་གྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱེད་ཐབས་ཉེར་གཅིག་ལག་བསྟར་དངོས་འབེབས་བྱ་དགོས།
«ཏང་སྲིད་ལས་ཁུངས་ཀྱིས་ནན་ཏན་སྒོས་རྒྱས་ཟ་རྒྱས་འཐུང་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག»དང་རང་ཞིང་གི«ལག་བསྟར་བྱེད་ཐབས།»ནན་ཏན་གྱིས་ལག་ལེན་དུ་བསྟར་ནས། གཙོ་བོ་མགོ་ཁྲིད་ལས་བྱེད་པས་རང་ཉིད་དང་བཅས་པའི་ཁྱིམ་མིས་གཉེན་སྒྲིག་དང་འདས་མཆོད་སྒྲུབ་པ། བག་མ་གཏོང་ལེན། གནས་ཁང་སྤོར་བ་ལ་སོགས་ཀྱི་གོ་སྐབས་བེད་སྤྱད་དེ། འོག་རིམ་སྡེ་ཁག་དང་མི་སྒེར། ཡང་ན་ཁེ་ཕན་ལ་རག་ལས་པའི་སྡེ་ཁག་དང་མི་སྒེར་བརྒྱུད་ནས་ལྐོག་རྔན་ལེན་པའི་བྱ་སྤྱོད་ཡོ་བསྲང་བྱ་དགོས་ལ། དུས་སྟོན་ལ་སོགས་ཀྱི་གོ་སྐབས་བརྟེན་ནས་མང་ཚོགས་ལ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། ཚུལ་མིན་གྱི་སྤྱོད་སྟངས་ཡོ་བསྲང་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། བྱ་བ་མི་བསྒྲུབ་པ་དང་ཡང་ན་གང་འདོད་དུ་བསྒྲུབ་པ་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས་པར་མ་ཟད། སྒྲིག་ཁྲིམས་དང་འགལ་ནས་གཞུང་གི་རླངས་འཁོར་བཀོད་སྒྲིག་དང་བཀོལ་སྤྱོད། གཞུང་ལས་ཁང་མང་བོ་བདག་བཟུང་། གཞུང་དངུལ་གྱིས་ལེགས་སྐྱེས་འབུལ་བ་དང་མགྲོན་བསུ་བྱེད་པ་ལ་སོགས་ཀྱི་འབུར་ཐོན་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་དང་། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་རྒྱ་ཆེ་རུ་བསྐྱེད་དེ། གནད་དོན་ཡོད་ན་དུས་ཐོག་ཏུ་ཐག་གཅོད་པའི་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱིས། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་གཟབ་ནན་གྱིས་ཐག་གཅོད་དང་ཡོངས་བསྒྲགས་བྱས་ཏེ་རང་གཅུན་ནུས་པ་ཇེ་དྲག་ཏུ་གཏོང་དགོས།
(གསུམ)སྤྱོད་ཚུལ་འཛུགས་སྐྲུན་ཐད་ཡུན་རིང་ལ་ཕན་པའི་ནང་རྐྱེན་བཙུགས་ནས་དེ་འཐུས་ཚང་དུ་གཏོང་དགོས།
ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་ལེགས་སྒྱུར་དང་གཞི་རིམ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བར་སྣེ་ཁྲིད་དང་། མང་ཚོགས་ལ་ཐད་ཀར་དུ་འབྲེལ་འདྲིས་དང་ཞབས་ཞུ་བསྒྲུབ་པའི་ལམ་ལུགས་ཆ་ཚང་དུ་གཏོང་བ། ཚོགས་འདུ་དང་གཞུང་ཡིག་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཤུགས་ཆེན་པོས་གྲོས་ཚོགས་དང་གཞུང་ཡིག་གི་འགྲོ་ལུགས་ལེགས་བཅོས་བྱ་དགོས་ཤིང་། ཏང་སྲིད་ལས་ཁུངས་ཀྱི་གཞུང་དོན་སྣེ་ལེན་དོ་དམ་དང་གཞུང་དོན་དུ་རླངས་འཁོར་བཀོལ་བའི་དོ་དམ་སོགས་ཕྱོགས་ཀྱི་ལམ་ལུགས་གཏན་འཁེལ་བྱེད་པ། མགོ་ཁྲིད་ལས་བྱེད་པའི་བྱ་བ་དང་འཚོ་བའི་ཡོང་སྒོ་འཐུས་ཚང་དུ་གཏོང་བ། ཏང་སྲིད་ལས་ཁུངས་ཀྱི་ཐོག་ཁང་དང་ཚོམས་ཁང་། མགྲོན་ཁང་བཅས་ཀྱི་འཛུགས་སྐྲུན་ལ་གཟབ་ནན། གཞུང་སྒྲུབ་ཐོན་ཁུངས་དྲང་གཞག་སྒོས་བཀོད་སྒྲིག་དང་ལེགས་བསྡུས་ཞིབ་གཉེར་གྱིས་བཀོལ་སྤྱོད་བྱེད་པར་སྐུལ་འདེད། “གཞུང་གསུམ”གྲོན་དངུལ་དང་གྲོས་ཚོགས་ཀྱི་གྲོན་དངུལ་དོ་དམ་ལ་ཤུགས་སྣོན། ལྐོག་ཏུ“དངུལ་མཛོད་ཆུང་ངུ”གཉེར་བ་རྩད་གཅོད། རྒྱལ་དབང་ཁེ་ལས་ཀྱི་འགན་ཁུར་པའི་འཛད་སྤྱོད་གོ་གནས་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ལམ་ལུགས་འཚོལ་ཞིབ། དཔྱད་བསྡུར་དམིགས་ཚད་གཟེངས་བསྟོད། དུས་ཆེན་དང་། གླེང་སྟེགས། འགྲེམ་སྟོན། འགྲན་སྡུར། ཚོང་འགུག་དངུལ་འདྲེན་ལ་སོགས་ཀྱི་བྱ་འགུལ་ཐད་ཀྱི་དོ་དམ་གཏན་འཁེལ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པར་མ་ཟད། དེ་ལག་བསྟར་དང་ཞིབ་བཤེར་ནན་མོ་བྱ་དགོས་ལ། ཏང་སྲོལ་སྲིད་གཙང་སྤྱོད་གཙང་བཅས་ལ་དཔྱད་འཇོག་བྱེད་པའི་བྱེད་ཐབས་སྔར་ལས་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་སྟེ། “སྲིད་གཙང་སྤྱོད་གཙང་སྐུད་ལམ”མུ་མཐུད་དུ་བསྒྲུབ་དགོས།«མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ནུས་པའི་ལྟ་ཞིབ་བྱེད་ཐབས»ནན་ཏན་གྱིས་དངོས་འབེབས་བྱས་ཏེ། སྲིད་འཛིན་ནུས་པ་དང་སྲིད་དོན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས།
གསུམ་པ། དུས་དང་རྣམ་ཀུན་ཏུ་ཆེ་ཕྱོགས་ནས་རུལ་སུངས་ལ་ཆད་པ་གཅོད་པའི་གནས་བབ་ལ་འགན་སྲུང་བྱ་དགོས།
(གཅིག)ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞི་རྩད་གཅོད་པའི་ཤུགས་ཚད་རྒྱ་ཆེ་རུ་བསྐྱེད་དགོས།
རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་དེ། རུལ་སུངས་ལ་སོགས་རྒྱ་ཡན་དུ་གཏན་ནས་མི་གཏོང་བར་ཆད་པ་གཅོད་པ་དང་། ཐོབ་གོ་གནས་ཆེ་མ་ཆུང་གསུམ་གང་ཡིན་ཡང་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞི་སོགས་ལ་མཐའ་གཅིག་ཏུ་རྩད་གཅོད་ཞིབ་བཤེར་བྱ་དགོས་པར་མ་ཟད། མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་རུལ་སུངས་གནད་དོན་ཡུལ་དངོས་ནས་ཐག་བཅད་དེ། ངེས་པར་དུ་གྱོད་གཞི་རྩད་གཅོད་དང་རུལ་སུངས་ལ་ངེས་པ་དོན་གྱིས་ཆད་པ་གཅོད་དགོས་ལ། མགོ་ཁྲིད་ལས་བྱེད་པས་རྒྱུ་ནོར་ལྐོག་ཟ་དང་རྒྱུ་དབང་བརྗེ་རེས། རུལ་སུངས་ངན་འགྱུར། ལས་འགལ་ལས་འཛོལ་སོགས་ཀྱི་དོན་རྐྱེན་བཟོས་པ་དང་། ཏང་ཡོན་ལས་བྱེད་པས་ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ། མི་རིགས་ཆོས་ལུགས་སྲིད་ཇུས། སྤྱོད་ཚུལ་འཛུགས་སྐྲུན་བཅས་ཀྱི་གཏན་འཁེལ་དང་འགལ་ན་དེར་ཞིབ་གཅོད་ནན་མོ་བྱ་དགོས་ཤིང་། ཁྲིམས་སྐྱོང་དང་ཁྲིམས་འཛིན་མི་སྣས་ཉེར་ཕྱོགས་གཡོ་ཟོལ་དང་ཁྲིམས་འཛོལ་འདུམ་གཅོད། གྱོད་དོན་ལ་བརྟེན་ནས་སྒེར་དོན་གཉེར་བ་སོགས་ཀྱི་གྱོད་གཞི་དང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཁྲོད་ཀྱི་རུལ་སུངས་བཅས་ལ་ནན་ཏན་གྱི་རྩད་གཅོད་ཞིབ་འཇུག་དང་། གཙོ་བོ་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་དང་སྲིད་གཞུང་གི་ཉོ་སྒྲུབ། གཏེར་ལས་ཐོན་ཁུངས་གསར་སྤེལ། ས་ཞིང་བརྒྱུད་སྤྲོད། སྐྱེ་ཁམས་སྲུང་སྐྱོབ་སོགས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་གནད་དོན་ལེགས་བཅོས། དམངས་འཚོའི་ལས་གཞི་དང་དམངས་ཕན་སྲིད་ཇུས་དངོས་འབེབས་བྱེད་པའི་ཁྲོད། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་དོན་རྐྱེན་དང་། ཚོང་ལས་ཐད་ཀྱི་ལྐོག་རྔན་གྱོད་དོན་བཅས་ལ་ནན་ཏན་གྱིས་རྩད་གཅོད་ཞིབ་འཇུག་བྱས་ཏེ། ལྐོག་ངན་བླངས་པའི་བྱ་སྤྱོད་ལ་ཆད་པ་གཅོད་ཚད་ཤུགས་ཆེ་རུ་བསྐྱེད་དགོས་ཤིང་། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགན་འཁྲིའི་ཁག་འཁུར་ཇེ་དྲག་ཏུ་བཏང་ནས། ཏང་ཡོན་ལས་བྱེད་པའི་སྤྱོད་སྟངས་ཐད་ལ་གནད་དོན་ཡོད་ན་དུས་ལྟར་ཁ་བརྡ་སློབ་གསོ་དང་འཕྲིན་བཅར། དྲན་སྐུལ་བཅས་ཀྱི་རྣམ་པ་སྤྱད་དེ། སྔ་མོ་ནས་རྩད་གཅོད་དང་ནན་ཏན་གྱིས་ཐག་གཅོད་བྱ་དགོས་ལ། ལྟ་སྐུལ་དོ་དམ་ལ་འགལ་འཛོལ་བྱུང་བའི་དབང་གིས་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཡང་ན་ཐད་ཀར་དོ་དམ་བྱེད་པའི་མི་སྣར་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཚབས་ཆེན་བྱུང་ན། འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས།
(གཉིས)ལས་བྱེད་པ་བཀོད་སྒྲིག་ཐད་ཀྱི་རུལ་སུངས་གནད་དོན་ལ་ཞིབ་གཅོད་ནན་མོ་བྱ་དགོས།
རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དྲང་གཞག་སྒོས་ལས་བྱེད་པ་བཀོལ་སྤྱོད་དང་ལྟ་སྟངས་ལེགས་པོ་འཛིན་པ། དཔྱད་ཞིབ་བཅས་བྱ་དགོས་ལ། གོ་གནས་བསྐོ་འཇོག་དང་འདེམ་ཤོག་འཕེན་པར་ལྐོག་ངན་སྤྲོད་པ། གོ་གནས་ཉོ་ཚོང་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱས་ཏེ། གཏན་འཁེལ་དང་འགལ་ནས་ལས་བྱེད་པ་བསྐོ་འཇོག་དང་ཐག་གཅོད་པ་རྣམས་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས་པ་དང་། ཁ་ངོར་བལྟས་པ་དང་འབྲེལ་བ་བརྒྱུད་པ། རྒྱབ་རྩར་བལྟས་ནས་མི་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གོམས་སྲོལ་མི་ལེགས་པ་རྣམས་གསལ་རྗེན་དུ་གཏོང་དགོས་ཤིང་། རྩ་འཛུགས་སྡེ་ཁག་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ། སྲིད་ཁྲིམས། ཁྲིམས་སྐྱོང་ལས་ཁུངས་བཅས་མཉམ་འབྲེལ་གྱིས་གྲོས་ཚོགས་བསྡུ་བའི་ལམ་ལུགས་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། ལྟ་སྐུལ་དབང་ཆ་ལྟར་གྱོད་གཞི་བདག་སྤྲོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གནད་དོན་བྱུང་ཚེ་དུས་ལྟར་ཐག་གཅོད་བྱ་དགོས་ལ། མི་བཀོལ་སྤྱོད་བྱེད་པའི་ཐད་ནས་བརྟག་འཛོལ་ལས་འཛོལ་གྱི་དབང་གིས་མཇུག་འབྲས་ངན་པ་བཟོས་པ་དང་། ས་གནས་དང་སྡེ་ཁག་གིས་མི་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་ཚུལ་མིན་བྱ་སྤྱོད་ཚབས་ཆེ་ན། ཏང་ཨུ་དང་ཏང་ཙུའུ། རྩ་འཛུགས་སྡེ་ཁག སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བའི་འགན་འཁྲི་རྩད་གཅོད་བྱ་དགོས།
(གསུམ)མང་ཚོགས་ལ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ལ་ནན་ཏན་གྱིས་ཐག་གཅོད་བྱ་དགོས།
དེ་ཡང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་ངན་སྤྱོད་ངན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ནས། སྤྱི་ཚོགས་འགན་སྲུང་དང་སློབ་གསོ་སྨན་བཅོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་། ས་ཞིང་གཞུང་བསྡུ་གནས་སྤོ། ཁོར་ཡུག་སྲུང་སྐྱོང་། ཟས་རིགས་དང་སྨན་རྫས་བདེ་འཇགས། བདེ་འཇགས་ཐོན་སྐྱེད་སོགས་དམངས་འཚོ་དང་འབྲེལ་བའི་འབུར་ཐོན་གནད་དོན་གཟབ་ནན་སྒོས་ལེགས་བཅོས་བྱ་དགོས་ཤིང་། དམངས་ཕན་ཁ་གསབ་དང་ས་ཞིང་བདག་སྤྲོད་ཁ་གསབ། དབུལ་སྐྱོབ་རྒུད་སྐྱོབ་རོགས་སྐྱོར་སོགས་ཕྱོགས་ཀྱི་ཆེད་སྤྱོད་མ་དངུལ་བདག་བཟུང་བྱེད་པའི་གྱོད་དོན་དང་། གཞི་རིམ་ལས་བྱེད་པས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་ལུགས་འགལ་བྱ་སྤྱོད་ནན་གྱིས་ཐག་གཅོད་བྱ་དགོས་དང་། གང་འདོད་ལྟར་གྲོན་དངུལ་སྡུད་པ་དང་དངུལ་ཆད་གཅོད་པ། བགོ་བྱ་བརྒྱག་པ་སོགས་ཀྱི་གནད་དོན་ལ་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ཀྱིས། མགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་འབྲེལ་ཡོད་གཏན་འཁེལ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། དམིགས་བྱ་དང་གོ་སྐབས། གནད་ས་གཙོར་བཟུང་ནས་གཅིག་གྱུར་སྒོས་ལེགས་བཅོས་བྱེད་པ་དང་། ཁྲིམས་དང་འགལ་ཏེ་རྒྱུ་ནོར་དང་དངུལ་བྱང་། ཚོགས་མིའི་བྱང་བུ། ཚོང་གཉེར་སྔོན་སྤྲོད་བྱང་བུ་སོགས་སྤྲོད་ལེན་བྱེད་པའི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཚུལ་མིན་བྱ་སྤྱོད་ཡོ་བསྲང་བྱེད་པའི་ཕན་ཡོད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།
(བཞི)ནུས་ཡོད་ཀྱིས་གྱོད་དོན་ཞིབ་གཅོད་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།
རིམ་པ་སོ་སོའི་ཏང་ཨུས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ནང་རྐྱེན་འཛུག་ས་པ་འཐུས་ཚང་དུ་བཏང་ནས། རིམ་པ་སོ་སོའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཙོ་བོས་འགན་འཁུར་ནས། ཏང་ཨུ་ཡིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཀྱི་མཐུན་སྦྱོར་བྱ་བར་ཤུགས་སྣོན་པར་རོགས་རམ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་ཁྲིམས་འཛིན་ལས་ཁུངས། སྲིད་ཁྲིམས་ལས་ཁུངས་བཅས་ཀྱིས་གྱོད་དོན་ལ་རམ་འདེགས་བྱེད་པའི་བྱ་བ་འཐུས་ཚང་དུ་གཏོང་བ་དང་། གྱོད་གཞི་དང་གྱོད་དོན་གྱི་ཁུངས་སྐྱེལ་པ་ཚད་ལྡན་དུ་གཏོང་བ། ཁྱོན་ཡོངས་ནས་གྱོད་གཞི་སྒྲུབ་པའི་གོང་བུ་སྒྲིལ་ཤུགས་ཇེ་ཆེར་གཏོང་བ། ཁྲིམས་བསྟར་ཁྲིམས་འཛིན་དང་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་སོ་སོས་གྱོད་དོན་སྒྲུབ་པའི་བརྒྱུད་རིམ་དོ་དམ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན། དོ་དམ་བྱེད་པ་བཅས་ཀྱི་ལྟ་སྐུལ་ཚོད་འཛིན་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཁྲིམས་ལག་བསྟར་དང་ཁྲིམས་འཛིན་པའི་སྤྱོད་སྟངས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། གྱོད་དོན་སྒྲུབ་པའི་བྱ་བའི་སྒྲིག་ལམ་ནན་མོ་བྱེད་པ་དང་། སྒྲིག་ཁྲིམས་ལྟར་བདེ་ལེགས་དང་དཔལ་ཡོན་ལྡན་པ། གོ་རིམ་ཡོད་པ། འདྲ་མཉམ་དྲང་གཞག་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། གྱོད་དོན་སྒྲུབ་པའི་ཆབ་སྲིད་དང་སྤྱི་ཚོགས། སྒྲིག་ཁྲིམས་བཅས་ཀྱི་ཕན་འབྲས་ཟུང་དུ་སྦྲེལ་བ་མངོན་འགྱུར་བྱ་དགོས