བདེ་འཇགས་སློབ་གསོ་ཀུན་ལ་སྤྲད། ཁྲིམས་ཀྱི་འདུ་ཤེས་ཟབ་པར་གཏོང་།

ཚུལ་ཁྲིམས་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 04-17



    ཟླ་4ཚེས་15ཉིན། རང་ཁུལ་གྱིས་“4·15”དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་འབར་ཁམས་གྲོང་ཁྱེར་དུ་བསྡུས།
    ཐེངས་འདིའི་བྱེད་སྒོ་ནི་གཅིག་བསྡུས་ཀྱིས་འགྲེམ་སྟོན་དང་། རིགས་བཀར་ནས་དྲིལ་སྒྲོག་བྱེད་པའི་རྩ་དོན་ལྟར། དྲིལ་སྒྲོག་གི་གནས་གཞི་14བཟོས་ཤིང་། དེ་ཡང་རྒྱང་སྒྲོག་བརྙན་འཕྲིན་དང་། སྨྱན་སྦྱོར་ཚགས་པར་དང་། སྐད་འཕྲིན་པོད་ཕྲན་དང་། བརྙན་གཏོང་བ་དང་། དྲིལ་སྒྲོག་གི་ཡིག་ཆ་འགྲེམ་པ་སོགས་ཀྱི་ཐབས་ཤེས་སྤྱད་དེ་དྲིལ་སྒྲོག་བྱས་འདུག ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་སློབ་གསོའི་ཉིན་མོའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ལ་སྤྱི་སྡོམ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་འགན་སྲུང་བརྟན་པོ་སྤྲད་རྒྱུ་དེ་ཡིན་འདུག 
   བྱེད་སྒོ་རུ། རྔ་བ་ཁུལ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཁུལ་ཨུའི་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་། ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་སོགས་ཀྱི་ལས་བྱེད་མི་སྣས་འདྲི་རྨེད་བྱེད་ས་དང་། དྲིལ་སྒྲོག་གི་ཡི་གེ་འགེལ་བ་དང་། འགྲོ་འོང་གི་མི་རྣམས་ལ་དྲིལ་སྒྲོག་གི་ཡིག་ཆ་སྦྱིན་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་བྱེད་པ་སོགས། དྲིལ་སྒྲོག་གི་ཁོར་ཡུག་ལེགས་ཤིང་བཟང་བ་ཞིག་བསྐྲུན། 
    གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བདེ་འཇགས་སློབ་གསོའི་དྲིལ་སྒྲོག་ཏུ་གསང་བ་སྲུང་བའི་བདེ་འཇགས་དང་། གསང་གྲངས་ཀྱི་བདེ་འཇགས། ཐོན་ཁུངས་ཀྱི་བདེ་འཇགས། ལག་རྩལ་གྱི་བདེ་འཇགས། སྤྱི་པའི་འཕྲོད་བསྟེན་གྱི་བདེ་འཇགས། སྐྱེ་ཁམས་ཀྱི་བདེ་འཇགས། དྲ་བའི་བདེ་འཇགས། དངུལ་རྩའི་བདེ་འཇགས་སོགས་ཕྱོགས་མང་པོ་འདུས་ཡོད་པ་དང་། ཁྱོན་དྲིལ་སྒྲོག་གི་ཡིག་ཆ་15000ལྷག་བཀྲམ་པར་མ་ཟད། གྲོང་མིར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ཀྱང་བསྒྲགས་པ་སྟེ། ཁ་པར་ཨང་གྲངས་ནི་12339ཡིན། མདོར་ན་ཕྱོགས་ཡོངས་དང་། གོ་རིམ་ལྡན་པའི་ངང་ནས་མང་ཚོགས་རྣམས་ལ་ཤིན་ཏུ་འབྲེལ་ཆེ་བའི་བདེ་འཇགས་ཀྱི་སྐོར་གནད་དོན་རྣམས་ངོ་སྤྲོད་བྱས་ཤིང་། མང་ཚོགས་རྣམས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བཟུང་བའི་འདུ་ཤེས་ཇེ་བརྟན་ཇེ་ཟབ་ཏུ་བཏང་ངོ་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1