ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-20



 
    ■ མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་མོད། འོན་ཀྱང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་འཁྱོངས་དང་རིམས་ནད་བསྐྱར་ལོག་སྔོན་འགོག་གི་ལས་འགན་ལྕི་པོ་ཡོད་པས། ངེས་པར་དུ་ཐོབ་པར་དཀའ་བའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཞིབ་ཕྲ། དམ་འཛིན་ཏན་ཏིག་བཅས་བྱེད་པ། དུས་བསྟུན་དང་བབ་བསྟུན་གྱི་སྒོ་ནས་རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་བྱ་ཐབས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། མི་དམངས་མང་ཚོགས་ལ་དགོས་ངེས་ཀྱི་འགོག་སྲུང་ཡག་པོ་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། རྒྱུན་མཐུད་ལེགས་སུ་ཕྱིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་དབྱེ་ཞིབ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཞིབ་ཕྲ། དམ་འཛིན་ཏན་ཏིག་བཅས་བྱེད་པའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག མིག་སྔའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    ཟླ་4ཚེས་15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དང་མིག་སྔའི་དཔལ་འབྱོར་དུས་བབ་སྐོར་གྱི་སྙན་སེང་གསན་པ་དང་། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་གནང་བ་དང་སྦྲགས། འབྲེལ་ཡོད་བསམ་འཆར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
    ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་མོད། འོན་ཀྱང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་འཁྱོངས་དང་རིམས་ནད་བསྐྱར་ལོག་སྔོན་འགོག་གི་ལས་འགན་ལྕི་པོ་ཡོད་པས། ངེས་པར་དུ་ཐོབ་པར་དཀའ་བའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཞིབ་ཕྲ། དམ་འཛིན་ཏན་ཏིག་བཅས་བྱེད་པ། དུས་བསྟུན་དང་བབ་བསྟུན་གྱི་སྒོ་ནས་རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་བྱ་ཐབས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། མི་དམངས་མང་ཚོགས་ལ་དགོས་ངེས་ཀྱི་འགོག་སྲུང་ཡག་པོ་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། རྒྱུན་མཐུད་ལེགས་སུ་ཕྱིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས།
   ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ནད་ལྕིའི་ནད་པར་སྨན་བཅོས་ཞིབ་ཚགས་དང་ལྟ་སྐྱོང་ཡག་པོ་བྱེད་པ་དང་། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁེ་ལས་དང་བྱ་གཞག་ཚན་པའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱེད་དགོས་པ་དང་འབྲེལ། གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དགོས་རིགས་ཞིབ་དཔྱད་ཚད་ལེན་གང་ལེགས་བྱེད་པ་དང་། ཞིབ་དཔྱད་ཚད་ལེན་བྱེད་འདོད་ཡོད་པའི་མི་ཚོགས་གཞན་དག་ལ་ཞིབ་དཔྱད་ཚད་ལེན་གང་ལེགས་བྱེད་དགོས། ལས་ཞུགས་དང་། ཡོང་འབབ། སློབ་ཞུགས་སོགས་ཐད་ཀྱི་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་དགོས། པེ་ཅིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། ས་གནས་ཁག་གིས་ནང་དུ་རིམས་ནད་བསྐྱར་ལོག་སྔོན་འགོག་གི་ལས་དོན་ལ་གནད་སྨིན་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ཆབས་ཅིག གསར་དུ་འཕར་བའི་ས་ཆ་དེ་གའི་ནད་དཔེར་རིམས་ནད་རིག་པའི་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་དགོས།
    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཕྱི་ནས་མ་འགོས་པ་བྱེད་པའི་བྱ་ཐབས་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་བཏང་ནས། དམིཌ་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས། མངའ་ཁོངས་ཕྱི་རོལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གིས་ཁེ་སྐྱོང་སྲུང་སྐྱོབ་དང་འགོག་སྲུང་གི་མཛུབ་ཁྲིད་ཡག་པོ་བྱེད་པ་དང་དུས་མཚུངས། ཕྱིར་སྡོད་རང་མིའི་ཚོགས་པ་དང་ཕྱི་སྦྱོང་སློབ་མའི་ཚོགས་པ་སོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། འགག་སྒོའི་གྲོང་ཁྱེར་གྱི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་པོ་དང་ཡག་པོ་སྲུང་བ་དང་། སྨན་བཅོས་ཐོན་ཁུངས་དང་སྐྱོབ་བཅོས་སྟོབས་ཤུགས་བཀོད་སྒྲིག་བྱེད་ལེགས་སུ་གཏོང་བ། རིམས་ནད་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཅིག་སྡུད་ལོགས་སུ་བཞག་པའི་མི་སྣའི་བདེ་འཇགས་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་ཐང་ལྟ་ཞིབ་ཚད་ལེན་དང་མི་ཆོས་ཀྱི་བྱམས་སྐྱོང་ཡག་པོ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རྒྱལ་སྤྱིའི་འཕྲོད་བསྟེན་རྩ་འཛུགས་དང་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། འབྲེལ་ཡོད་རྒྱལ་ཁབ་ལ་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ཏེ། བྱ་ཐབས་སྣ་མང་གི་ཐོག་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཆེད་ལེགས་སྐྱེས་འབུལ་དགོས།
    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྒྱལ་ནང་གི་དགོས་མཁོ་ཆེ་རུ་ཧུར་ཐག་གཏོང་དགོས། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་། ཚོང་ལས་དང་ཁྲོམ་ར་སླར་གསོའི་ལས་དོན་ཡག་པོ་སྒྲུབ་པ་དང་། གྲོང་མིའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། སྤྱི་པའི་འཛད་སྤྱོད་མང་དུ་འོས་འཚམ་གཏོང་བ་བཅས་བྱེད་དགོས། ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་གསར་པར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་དགོས། དམངས་ཁྲོད་མ་འཇོག་གི་ཧུར་སེམས་སྐོང་འཐེན་བྱེད་དགོས། ཁེ་ལས་ལ་ཕྱིར་གཏོང་ཐོན་རྫས་ནང་ཁུལ་དུ་འཚོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཁེ་ལས་འབྲིང་ཆུང་དཀའ་གནད་ལས་སྒྲོལ་རྒྱུར་རོགས་སྐྱོར་ཆེན་པོ་བྱེད་པ་དང་། སྲིད་ཇུས་ཁག་དོན་འཁྱོལ་གང་མགྱོགས་བྱེད་པ། ཁྲལ་རིན་གཉིས་གཅོག་ལ་སྐུལ་འདེད་གཏོང་བ། མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དང་ཁང་གླ་དམའ་རུ་གཏོང་བ་བཅས་བྱས་ནས། ཁེ་ལས་འབྲིང་ཆུང་གི་འཚོ་གནས་དང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཐོན་ལས་འཁོར་འབྲེལ་གྱི་བརྟན་པོའི་རང་བཞིན་དང་འགྲན་རྩོད་ནུས་པ་རྒྱུན་འཁྱོངས་བྱས་ནས་ཐོན་ལས་འཁོར་འབྲེལ་མཉམ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་དམིགས་ཚད་ལ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་ལེན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་ས་ཁུལ་དབུལ་པོའི་ངལ་རྩོལ་ནུས་ཤུགས་སྔོན་ལ་སྤྱོད་པ་བཅས་བྱས་ཏེ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། གཙོ་གནད་ལས་རིགས་དང་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། སྤྱི་ཚོགས་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་མཐའི་འཚོ་བའི་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ། རིན་གོང་གི་གནས་སྐབས་ཁ་གསབ་དངུལ་དུས་ཐོག་ཏུ་སྤྲོད་པ་བཅས་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་གང་ལེགས་ཡོད་པས།
    ཞིང་ལས་ཐོན་སྐྱེད་དང་ཞོར་ཟས་གཙོ་བོ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་དམ་འཛིན་ཡག་པོ་བྱས་ཏེ་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་འཚོང་རྒྱུ་དམིགས་ཡུལ་མིན་པའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག གོ་སྐབས་དམ་འཛིན་གྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་འཕེལ་རྒྱས་གཏོང་རིང་གི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱས་ཏེ། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། བློ་རྩ་བརྟན་པོས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཟོག་འགྲེམས་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་པ། རིམས་འགོག་དངོས་ཟོག་ཕྱིར་གཏོང་གི་སྤུས་ཚད་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1