ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་པ་དང་། ཉིན་དེའི་ཕྱི་དྲོ། ཁོང་སྔོན་ལ་ཧྲང་ལོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་གི་ཆིན་ལིང་ཉིའུ་པེ་ལེའང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ནས། ཆིན་ལིང་གི་སྣོད་བཅུད་སྲུང་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་པ་རེད། དེའི་རྗེས། ཞའོ་ལིང་གྲོང་རྡལ་ཅིན་སྨི་གྲོང་ཚོར་ཕེབས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་གནང་འདུག