རྒྱལ་སྤྱིའི་སྣུམ་རིན་ཚེས་21ཉིན་ཆེས་ཆེར་ཆག་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-23


        ཟླ་4ཚེས་21ཉིན། གོ་ལ་ཧྲིལ་པོའི་རྡོ་སྣུམ་ཁྲོམ་རས་མཁོ་འདོན་བྱེད་ཆེ་བའི་རྐྱེན་གྱིས་སྣུམ་རིན་ཆག་རྒྱུར་གནོན་ཤུགས་རྒྱུན་མཐུད་ངང་སྤྲད་ཡོད་པས་རྒྱལ་སྤྱིའི་སྣུམ་་རིན་ཚེས་21ཉིན་ཆེས་ཆེར་ཆག་ཡོད་པ་རེད། ཉིན་དེར། ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་ཁང་གི་ཟླ་6པའི་ཚོང་ཟོག་རྩིས་སྤྲོད་ཀྱི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་རིན་གོང་དུས་རིམ་གཅིག་ནང་ཟོམ་རེར་ཨ་སྒོར་6.5ཆག་ཡོད་ཅིང་། ཟླ་6པའི་ཚོང་ཟོག་རྩིས་སྤྲོད་ཀྱི་ལོན་ཏོན་པུའུ་ལུན་ཐེ་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་རིན་གོང་དུས་རིམ་གཅིག་ནང་ཟོམ་རེར་ཨ་སྒོར་17.51ཆག་ཡོད།
        ཉིན་དེའི་མཐའ་མའི་གོང་ཐང་ཁྱབ་བསྒྲགས་མ་བྱས་བར། ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་ཁང་གི་ཟླ་6པའི་ཚོང་ཟོག་རྩིས་སྤྲོད་ཀྱི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་རིན་གོང་ཨ་སྒོར་8.86ཆག་ནས། ཟོམ་རེར་ཨ་སྒོར་11.57ཟིན་པ་དང་། ཆག་ཚད་43.37%ཟིན་ཞིང་། ཟླ་6པའི་ཚོང་ཟོག་རྩིས་སྤྲོད་གྱི་ལོན་ཏུན་པུའུ་ལུན་ཐེ་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་རིན་གོང་ཨ་སྒོར་6.24ཆག་ནས། ཟོམ་རེར་ཨ་སྒོར་19.33ཟིན་ཞིང་།  ཆག་ཚད་24.40%ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1