དཀར་མཛེས་རྫོང་གིས“དམིགས་པ་ལྔ”ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ལ་སྐུལ་འདེད་བཏང་བར་ཕན་འབྲས་གསར་པ་ཐོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-23




     སི་ཁྲོན་གསར་འགྱུར་དྲ་བའི་ཐོག་དཀར་མཛེས་ནས་ཟླ་4ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་17ཉིན། སྨྱུག་འཛིན་པས་དཀར་མཛེས་རྫོང་སྒྲིག་ཨུད་ཀྱི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་ནས་བཟུང་། རྫོང་དེས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་དབུལ་སྐྱོར་དང་། ཁོར་ཡུག་སྲུང་སྐྱོང་། ཁྲོམ་རའི་སྒྲིག་ལམ་བཅས་ཀྱི་ཁྱབ་ཁོངས་གཙོ་གནད་དུ་བྱས་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་ནན་པོ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པས། རྫོང་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཕན་འབྲས་གསར་པ་ཐོན་ཡོད།
     “སྲུང་སྐྱོང་གཉིས”ལ་དམིགས་ནས“འགན་འཁྲི་གཉིས”དོན་འཁྱོལ་བྱས་ཤིང་། རྫོང་དེའི་རྫོང་ཨུད་ཀྱིས་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས། ཚད་གཞི་མཐོ་པོའི་ངང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྫོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས“རང་ཉིད་ངོ་མ་བཞི”ལག་བསྟར་ནན་ཏན་བྱས་ཏེ། རྫོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་ཐེངས་7བྱས་པ་དང་། རིམ་ཁག་འགོ་ཁྲིད་ཀྱིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱས་ནས་རིམ་པ་བཞིན་འགན་འཁྲི་རྩིས་ལེན་དང་དོན་འཁྱོལ་བྱས་པ། “འགན་འཁྲི་གཉིས”དོན་འཁྱོལ་ནུས་ལྡན་མ་བྱུང་བའི་གནད་དོན་20བདའ་འདེད་དང་། ཏང་ནང་དུ་མི་47གྱི་འགན་འཁྲི་རྩད་གཅོད། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གྱོད་གཞི་1དང་མི་1ལ་ཞིབ་བཤེར་ཐག་གཅོད་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱས་ཡོད།
     དམངས་འཚོ་དང་དམངས་ཀྱི་ཁེ་ཕན་ལ་དམིགས་ནས་རུལ་སུངས་ཆུང་ཙག་གབ་ས་མེད་པར་བྱས་ཤིང་། རྫོང་དེས“དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་འགན་ལེན་ལོའི”བྱེད་སྒོ་དང་ཟུང་འབྲེལ་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི“3+1+1”དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་པར་གཞི་གཅིག་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་མི་བྱེད་པ་དང་། དམིགས་སར་མི་འབྱོར་བ། འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ། མི་བདེན་རྫུན་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་96ཞིབ་བཤེར་ཡོ་བསྲང་བྱས་པ་དང་། གྱོད་དོན་57ཐོ་འགོད་བྱས་པ། མི་57ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
     “གསུམ་མི་བྱེད་པའི་ལམ་སྲོལ”ལ་དམིགས་ནས་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཞིང་། རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་ནུས་པ་འདོན་སྤེལ་བྱས་ཏེ་བཟོད་སྒོམ་སྤུ་ཙམ་ཡང་མེད་པའི་རྣམ་འགྱུར་གྱིས་འཕར་ཚད་བཀག་འགོག་དང་བསགས་འབོར་ཉུང་གཏོང་། ལོ་ཧྲིལ་པོར་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཐེངས་11བདག་སྤྲོད་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ་142ཐག་གཅོད་བྱས་པ། གྱོད་དོན་78ཐོ་འགོད་བྱས་པ། མི་82ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད། “གྱོད་དོན་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི”ལས་དོན་སྲ་བརྟན་དུ་བཏང་སྟེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དང་མཛུབ་ཁྲིད་ཐེངས་24བྱས་པ་དང་། ཤང་དང་། གྲོང་རྡལ། ཚན་པ་བཅས་8དུ་སྲིད་གཙང་སློབ་གསོ་སྤེལ་བ་དང་། གྱོད་དོན་བྱུང་བའི་ཚན་པ་2སྒྲིག་འཛུགས་བྱས་ཏེ“གྱོད་གཞིའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ”འཚོགས་པས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་ཡོད།
     སྤྱོད་བཟང་སྒྲིག་ནན་ལ་དམིགས་ནས་སྤྱོད་གཙང་ལ་སྣང་ཆེན་བྱ་རྒྱུ་དེ་རང་རྟོགས་སུ་གྱུར་བ་བྱས་ཤིང་། དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་ལ་དམ་པོར་དམིགས་ཏེ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་1དང་མི་1 “སྤྱོད་ཚུལ་བཞིའི”གྱོད་གཞི་29དང་མི་29 ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་27དང་མི་27བཅས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། “བཅོས་སྒྲིག་གསུམ”བྱས་ནས་ལས་བྱེད་པའི“རྒྱན་པོ་འགྱེད་པ་དང་རྒྱུ་ནོར་བསྡུ་ལེན་བྱེད་པའི”གནད་དོན་2དང་མི་5 སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཡུལ་ཟོག་ཉོས་པའི་གནད་དོན་1དང་མི་1ཞིབ་བཤེར་ཐག་གཅོད་བྱས་ཡོད།
     ཆབ་སྲིད་ཀྱི་སྐོར་ཞིབ་ལ་དམིགས་ནས་ཟིལ་གནོན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཤིང་། རྫོང་དེས་རེས་སྐོར་གསུམ་གྱི་ཏང་རྩ་འཛུགས་24ཡི་རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་སྒྲིག་འཛུགས་ཀྱིས་གྲོང་ཚོའི་ཏང་རྩ་འཛུགས་55ལ་སྐོར་ཞིབ་བྱས་པས་གནད་དོན་240ཤེས་རྟོགས་བྱུང་བ་དང་། ཏང་རྩ་འཛུགས་2ལ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་ཞིབ་བྱས་པས་གནད་དོན་31ཤེས་རྟོགས་བྱུང་བ། སྤུས་ཚད་མཐོ་པོའི་སྒོ་ནས་ཁྲེང་ཏུའུ་གྲོང་ཁྱེར་དང་། དཀར་མཛེས་ཀྲོའུ། དཀར་མཛེས་རྫོང་བཅས་ཀྱི“རོགས་སྐྱོར་རྣམ་པའི”སྐོར་ཞིབ་བྱེད་འགོ་བཙུགས་པས་གནད་དོན་54ཤེས་རྟོགས་བྱུང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1